ལོ་རིམ་བདུན་པའི་སློབ་གཉེར་བ། པདྨ་དོན་གྲུབ།
དགོང་ཁའི་སྣང་བ་རི་བོའི་ཕག་ཏུ་ཡིབ།།
ནུབ་ཀྱི་མཚམས་ནས་དམར་སེར་སྤྲིན་པ་འཕྱུར།།
གྲང་ངར་རླུང་བུས་གོས་ཀྱི་སྣེ་ནས་འཐེན།།
སྣང་བ་སྨུག་སྤྲིན་དཀྱིལ་དུ་འཁོར་ཞིང་ལྡིང་།།
འདབ་ཆགས་བྱ་ཡང་མི་མངོན་མཁའ་ལ་དེངས།།
ས་སྐྱེས་སྲོག་ཆགས་ཁུང་བུའི་ནང་དུ་འཛུལ།།
འདབ་ལོ་བྲལ་བའི་སྡོང་བུའི་རྩེ་མོ་ནས།།
སྣེ་མོ་ཟད་པའི་དར་ལྕེ་རླུང་གིས་བསྒུལ།།
སེམས་པ་འདི་ལ་གས་ཆག་མ་སོང་ཡང།།
སྐྱོ་བ་འདྲེན་པའི་དུས་ཀྱི་མཚམས་ཤིག་ནས།།
ཕྱི་རོལ་སྣང་བ་ངམ་གནག་རིང་མོ་དེས།།
ནང་གི་འཆར་ཡན་འདི་ལ་ན་ཟུག་ཅིག།
ཕ་ཡུལ་ཅི་དགའ་གྱེས་པའི་ཚོར་བ་དང།།
མི་ཡུལ་སྡུག་དང་འདྲེས་པའི་སེམས་ཁ་གཉིས།།
དྲན་པའི་ངོས་སུ་མཉམ་དུ་སྡེབ་པའི་ཚེ།།
རྗེས་ཤུལ་ཞིག་ནས་སྐྱོ་བ་བརྒྱ་ཡིས་བཏབ།།
གཅིག་པུར་གཞན་ཡུལ་ཉུལ་བའི་ནམ་ཟླ་དེར།།
མ་བོས་སྣང་བ་སྒྲིབ་པའི་མུན་ཀློང་ཁྲོད།།
སེམས་པ་དམར་པོའི་ངར་ཁ་ལུས་ནས་རྒྱས།།
ཚོར་བའི་གསོན་ཤུགས་བ་སྤུའི་རྩེ་ནས་གཡོ།།