ལོ་རིམ་གསུམ་པའི་སློབ་གཉེར་བ། དཔལ་ལྡན།
ཁྱོད་སོང་ཤུལ་དུ།
ཡ་ཆུང་སྙིང་འདི།
ལྷོད་ལ་མི་ཆགས།
ཁྱོད་སོང་ཤུལ་དུ།
ང་སྡུག་གིས་གཟིར་ཏེ།
མིག་ཟུང་ནས་མཆི་མ་བཞུར།
ཁྱོད་སོང་ཤུལ་དུ།
སྐྱིད་པའི་གཉིད་དང་།
ཞིམ་པའི་ཟས་མ་རྙེད།
ཁྱོད་སོང་ཤུལ་དུ།
གནམ་སྔོན་མོ་མག་མོག་ཏུ་གྱུར།
སེམས་དཀར་མོ་ཐམ་ཐོམ་དུ་གྱུར།
ཁྱོད་སོང་ཤུལ་དུ།
བྱ་སྤྱོད་ཡོད་དོ་ཅོག་ལ།
ཞེད་སྣང་སྐྱེས་ཤིང་ཡིད་ཆེས་ཐོར།
ཁྱོད་སོང་ཤུལ་དུ།
བདེན་གཏམ་མ་སྨྲེང་བས།
ང་འགྱོད་པའི་གླིང་དུ་བསྐྱལ།
གང་ལྟར།
ཁྱོད་སོང་བའི་ཤུལ་དུ།
ང་ལ་བདེ་བའི་སྐབས་མ་མཆིས།