པདྨ་དོན་གྲུབ། ལོ་རིམ་དྲུག་པ།
མཚམས་སྤྲིན་སེར་པོའི་ཀློང་ནས།།
གསེར་མདོག་ཉི་མ་ཤར་དུས།།
སེམས་ལ་དྲན་པའི་ཞང་རྒན།།
ཁྱེད་རང་ཡིན་ན་བསམས་སོང་།།
ཆུང་ཆུང་བྱིས་པའི་དུས་སུ།།
མགོ་དང་ཕྲག་པས་བཏེགས་ཏེ།།
བརྩེ་བའི་བྱམས་སྐྱོང་གནང་བ།།
ནམ་ཡང་བརྗེད་ཐབས་མི་འདུག།
ཕྱི་ཡི་རྒྱལ་ཁམས་སྐོར་དུས།།
རྩེད་ཆས་འདྲ་མིན་འཁྱེར་ཞིང་།།
བྱམས་པའི་འཛུམ་ཞལ་སྟོན་མཁན།།
ཁྱེད་རང་གཅིག་པུ་ཡིན་ནོ།།
ཀྱེ་མ་སྔོན་ལས་ཤིག་གིས།།
ཁྱེད་རང་ཕྱི་མར་བཞུད་སོང་།།
གྱེས་བྲལ་སེམས་ཀྱི་སྡུག་བསྔལ།།
ནམ་ཡང་སངས་ཐབས་མི་འདུག།
ནངས་སྔ་ཉི་མ་ཤར་ཞིང་།།
མཚན་མོ་དུང་ཟླ་འཛུམ་སྟེ།།
ཉིན་མཚན་འོད་ཀྱིས་ཁྱབ་ཀྱང་།།
སེམས་ལ་སྤྲོ་སྣང་མི་འདུག།
དོ་དགོང་ཉི་མ་བཞུད་ཀྱང་།།
སང་ཉིན་ཤར་ནས་ཕེབས་ཡོང་།།
ཕྱི་མར་གཤེགས་པའི་ཞང་རྒན།།
ནམ་ཡང་ལོག་རྒྱུ་མི་འདུག།
མར་ཉལ་རྨི་ལམ་ཞིང་ནས།།
ཁྱེད་དང་ལྷན་དུ་དགོད་ཀྱང་།།
ནངས་སྔ་ཡར་ལ་ལང་དུས།།
མིག་ཆུས་སྔས་མགོ་བརླན་སོང་།།
མི་རྟག་འགྱུར་བའི་ཆོས་ལ།།
བདེ་བའི་གོ་སྐབས་མི་འདུག།
སྐྱིད་སྣང་སྡུག་ཏུ་བཀོལ་བའི།།
ལས་དབང་ཅི་འདྲའི་ངན་པ།།