མཚན་འཁྱོངས།

འཆི་མེད་རྡོ་རྗེ། འཛིན་རིམ་བརྒྱད་པ།


དུས་རྒྱུན་མཚན་འཁྱོངས་ཀྱིས་རྐྱེན་པས་མིའི་ལུས་ཀྱི་ནུས་ཤུགས་སམ་སྟོབས་ཤུགས་ཇེ་ཞན་ནས་ཇེ་ཞན་དུ་འགྱུར་བའོ།།
རྒྱུ་མཚན་རྟོགས་ཚར་བའི་རྗེས་ཁྱེད་ལ་འགྱོད་པ་སྐྱེས་ནའང་འཕྱིས་དྲགས་པ་སྟེ། ཚེ་སྲོག་ནང་དུ་རྗེས་འབྲས་དང་མཇུག་འབྲས་མ་གཏོགས་གལ་སྲིད་ཅེས་པ་མེད་དོ། །ཚེ་སྲོག་གིས་ཁྱེད་དང་རྩེད་མོ་རྩེ་མི་སྲིད་པ་དང་མཚན་འཁྱོངས་ནི་དལ་ལྷོད་ཀྱིས་རང་སྲོག་གཅོད་པ་དང་གཅིག་མཚུངས་ཡིན།
སྔོན་ཆད་ཤོད་སྲོལ་ཞིག་ཏུ། ཞོགས་སྔ་ལངས་དང་དགོང་སྔ་ཉལ་བྱས་ན་གཟུགས་པོ་བདེ་ཞིང་ཐང་། ཞེས་པ་དང་། ཞོགས་པ་སྔ་པོ་ལངས་པའི་བྱིའུར་འབུ་སྲིན་བཟའ་རྒྱུ་ཡོད། ཅེས་ཟེར། འོན་ཀྱང་ད་ལྟའི་མི་རྣམས་ཀྱི་ནང་ནས་མཚན་འཁྱོངས་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་མངོན། ལ་ལ་ནི་ལས་སྣོན་གྱི་དབང་གིས་མི་བྱེད་ཐབས་མེད་དང་། ཁ་ཤས་ནི་རང་ཉིད་རོལ་རྩེད་ཀྱིས་མཚན་འཁྱོངས་བྱེད་པ་སོགས་མང་དག་མཆིས། འོ་ན་དེ་ལྟར་དུས་རྒྱུན་དུ་མཚན་འཁྱོངས་བྱས་ན་ལུས་སྟོབས་ལ་ཤུགས་རྐྱེན་ཅི་འདྲ་ཐེབས་སམ། དེ་རིང་ང་ཚོས་མཚན་འཁྱོངས་དང་ལུས་སྟོབས་གཉིས་ཀྱི་གནད་དོན་འགའ་གླེང་བར་བྱ།
གྲོགས་པོ་ཞིག་གིས་སྡུག་བསྔལ་འདི་ལྟར་བགྲང་སྟེ། ད་ལོ་དངོས་གནས་ལམ་འགྲོ་རྒྱུགས་མ་སོང་། དོན་དག་གཅིག་གི་རྗེས་སུ་གཅིག་ཐོན་གྱིན་འདུག ལས་ཀའི་སྟེང་དུ་འགལ་འཛོལ་འབྱུང་གིན་འདུག བརྩེ་དུང་སྟེང་ལ་བར་ཆད་འཕྲད་ཀྱིན་འདུག དངོས་པོ་གྲངས་མེད་བོར་བརླག་ཏུ་ཕྱིན་སོང་། བར་སྐབས་ཤིག་ལ་ཚ་བའི་དྲོད་ཚད་ཀྱང་ ༤༡. རྒྱས་འདུག དེ་དང་མཚན་འཁྱོངས་གཉིས་ལ་འབྲེལ་བ་ཡོད་སྲིད་དམ་ཞེས་ཟེར། དེ་སྔོན་ཡང་གྲོགས་པོ་གཞན་ཞིག་གིས་བཤད་རྒྱུར། ཉིན་མཚན་དབྱེར་མེད་པར་མཚན་འཁྱོངས་བྱས་པ་དེས་གོ་ལྡོག་ནས་རང་ལུས་ཀྱི་སྟོབས་རྩལ་ལ་ཤུགས་རྐྱེན་ངན་པ་ཐེབས་ངེས་རེད་ཟེར། དངོས་གནས་འདི་ལྟར་ཡིན་ནམ།
སྐབས་རེར་ལས་དབང་གི་ཁ་ཕྱོགས་ནི་མི་ཞིག་གི་བསམ་པའི་སྟོབས་ཤུགས་རེད། གནའ་རབས་ཀྱི་མིས་རྩ་དཔྱད་རིགས་ལམ་དེ་དབང་ཐང་འབྱོར་ཕྱུག་ཆེ་བར་བཟུང་བའི་གནས་ལུགས་རྒྱུ་མཚན་ཡང་འདི་ན་མཆིས་སོ། །བསམ་པའི་སྟོབས་ཤུགས་ཕུན་སུམ་ཚོགས་པའི་མི་དེ་ནང་ངོས་ནས་འོད་མདངས་འཕྲོ་ངེས་ཅན་རེད་ལ་རླུང་གནས་སྟོབས་ཤུགས་ཆེ་བ་དང་། བཀྲག་མདངས་ཀྱིས་མི་སེམས་ཀྱང་འགུགས་ཐུབ།
དེ་ལྟར་མི་ཞིག་ལ་བསམ་པའི་ནུས་ཤུགས་ཕུན་སུམ་ཚོགས་པོ་ཡོད་པའི་དུས་སུ། གཞི་རྩར་ཞན་པའི་རུས་འབྱར་སྐྱི་ལྤགས་ཀྱང་འཇམ་ཤ་དོད་པོར་འགྱུར་བ་དང་རྒྱུ་ནོར་ལོངས་སྤྱོད་ཀྱང་འཕེལ་བ་ཡིན།
མི་གཞན་ལ་ཡང་ཧ་ཅང་མཛེས་སྡུག་ལྡན་པའི་ཚོར་སྣང་དང་ཧ་ཅང་གསལ་དྭངས་ཡིད་དབང་འཕྲོག་པའི་ཚོར་སྣང་སྟེར། དེ་ལས་ལྡོག་ན། མདོག་ཇེ་ཉེས་སུ་འགྱུར་བར་མ་ཟད། གཞན་གྱིས་མཐོང་ནའང་བློ་མི་བདེ་བར་བཟོའོ།།
མི་གཅིག་ལ་བདེ་ཐང་མེད་ན། གཟུགས་འོད་མུན་ནག་ལས་དཀར་ཆ་དབེན་ཞིང་ལམ་འགྲོ་ཡག་པོ་མེད་པར་མཚོན། མདོར་ན་ཐུར་ལ་བབ་རྒྱུར་འགོ་ཚུགས་པ་རེད།
འཆི་ཁ་མའི་མི་དང་ནད་པར་རྒྱུན་དུ་ལྟས་ངན་ཁྱད་མཚར་མཐོང་བ་དང་། ལྷ་འདྲེ་འདྲ་མིན་མཐོང་ཞེས་བརྗོད་ཀྱི་ཡོད། འདིའི་རྒྱུ་མཚན་ཁོ་རང་གི་བསམ་པའི་ནུས་སྟོབས་ཧ་ཅང་ཞན་པས་རེད། གཟུགས་འོད་མུན་པས་བསྒྲིབས་ཏེ་ལྷ་འདྲེ་མཐོང་ནའང་སྐྲག་སྣང་སྐྱེ་བར་མི་འགྱུར་རོ།།
དགེ་བ་སྒྲུབ་མཁན་གྱི་གང་ཟག་ཅིག་ལ་ཆ་བཞག་ནས་བཤད་ན། གཟུགས་པོ་གཏན་ནས་བདེ་ཐང་མེད་པར་སེམས་ཏིང་ངེ་འཛིན་ལ་གནས་ཐབས་བྲལ་ཞིང་དབུས་ཀྱི་རྩ་ཡང་བགྲོད་མི་སྲིད་པ་དང་གནས་ལུགས་ཀྱང་དེ་བས་རྟོགས་མི་ཐུབ་བོ།།
འདིར་བདེ་ཐང་ནི་དོན་ལྔ་སྣོད་དྲུག་གི་ལས་ཀ་མཐུན་འགྲིག་བྱ་རྒྱུ་དང་། རླུང་ལྡང་ཐོགས་ཐུག་མེད་པ་སྟེ། ཚད་ལེན་དཔྱོད་ཆས་ཀྱིས་གཟུགས་པོའི་གཞི་སྤུས་འཇལ་བ་དང་མི་འདྲའོ། །མཚན་འཁྱོངས་ལ་གོམས་འདྲིས་ཡོད་པའི་མི་ཡང་ཇེ་མང་ནས་ཇེ་མང་དུ་གྱུར་འདུག ཐ་ན་མི་ཁ་ཤས་ལ་ཆ་བཞག་ན། མཚན་འཁྱོངས་ནི་ད་ཆ་འཚོ་བ་སྐྱེལ་སྟངས་ཀྱི་ཆ་ཤས་ཤིག་ཏུ་གྲུབ་ཟིན་མོད། འོན་ཀྱང་བདེ་ཐང་གི་ལྟ་ཕྱོགས་ནས་བཤད་ན། གང་ལྟར་མཚན་འཁྱོངས་ཀྱི་གནོད་སྐྱོན་ཧ་ཅང་མང་བར་སྣང་ངོ་།།
མཚན་འཁྱོངས་ཀྱིས་གཟུགས་པོར་གནོད་སྐྱོན་འདྲ་མིན་བཟོས་ཏེ་རྒྱུན་དུ་ངལ་ཞིང་དུབ་པ། རིམས་འགོག་གི་ནུས་ཤུགས་མར་ཉམས་པར་འགྱུར་བ། རྟག་ཏུ་མཚན་འཁྱོངས་ཀྱིས་རྐྱེན་པས་མིའི་ལུས་ཁམས་ལ་མཇུག་རྐྱེན་ངན་པའི་ནད་བཟོ་བ་ཡིན། གནོད་ཚབས་ཆེ་ཤོས་ནི་ངལ་དུབ་དང་། བསམ་པའི་འདུ་ཤེས་རྒྱུན་མཐུད་མི་ཐུབ་པ། མིའི་ལུས་ཁམས་ཀྱི་རིམས་འགོག་ནུས་ཤུགས་དུས་མཚུངས་སུ་ཉམས་རྒུད་དུ་འགྲོ་བ། རང་བྱུང་གི་ཆམ་པ། ཕོ་རྒྱུའི་གཉན་ཚད། སྨན་ལོག་སོགས་དབང་རྩར་དོ་མི་སྙོམས་པའི་ནད་རྟགས་ཚང་མས་ཁྱོད་རང་འཚོལ་བར་ངེས།
མགོ་ན་བ། མཚན་འཁྱོངས་ཀྱིས་དུས་ཚོད་འགྱངས་ན། གཞུང་ལས་སམ་སློབ་ཚན་འཚོག་སྐབས་རྒྱུན་དུ་མགོ་བོ་འཁོར་ཞིང་ཀླད་རྩ་རྒྱས་ཏེ་དོ་སྣང་ངམ་བློ་རྩེ་གཏོད་ཡུལ་གཅིག་ཏུ་སྡུད་ཐབས་བྲལ་ཞིང་། ཐ་ན་མགོ་བོ་ན་བའི་སྣང་ཚུལ་མངོན་པར་བྱེད། དུས་ཡུན་རིང་པོར་མཚན་འཁྱོངས་བྱས་ཚེ། གཉིད་ཡེར་བ་དང་དེས་རྐྱེན་པས་དྲན་ཤེས་ཀྱི་ནུས་པར་མི་མངོན་པའི་ཚུལ་གྱིས་གནོད་སྐྱེལ་བཞིན་ཡོད་དོ།།
མིག་མཐའ་ནག་པོ་དང་། མིག་གི་མས་ལྕིབས། མཚན་མོ་ནི་མིའི་ལུས་པོའི་ཁམས་ངལ་གསོ་བའི་དུས་ཚོད་ཅིག་ཡིན་མོད་ཀྱང་། ངལ་གསོ་བའི་དུས་ཚོད་ལ་དུས་ཐོག་ཏུ་ངལ་མ་གསོས་ཚེ། ངལ་དུབ་ཐལ་དྲགས་པས་མིག་ཟུང་ཉེ་འཁོར་གྱི་ཁྲག་རྒྱུན་འཁོར་སྐྱོད་མི་ལེགས་པ་བཟོ་བ་མ་ཟད། མིག་མཐར་ནག་པོ་དང་མིག་གི་མས་ལྕིབས་སམ་མིག་འབྲས་དཀར་པོར་ཁྲག་སྐུད་ཀྱིས་ཁེངས་པ། པགས་པ་སྐམ་ཤས་ཆེ་བ། ནག་ཁྲར་འགྱུར་བ། ལང་ཚོའི་སྲིན་ཐོར་སོགས་ཀྱང་འབྱུང་བ་ཡིན། མཚན་མོ་ཆུ་ཚོད་བཅུ་གཅིག་ནས་ཞོགས་པ་ཆུ་ཚོད་གསུམ་པའི་བར་ནི། མཛེས་བཟོའི་དུས་ཚོད་ཡིན། དེ་ཡང་མིའི་ལུས་ཀྱི་རྩའི་འཁོར་སྐྱོད་དེ་མཁྲིས་པ་ནས་མཆིན་པའི་བར་གྱི་དུས་མཚམས་ཤིག་རེད། གལ་སྲིད་དབང་པོ་དེ་གཉིས་ལ་འདང་ངེས་ཀྱི་ངལ་གསོ་མ་ཐོབ་ཚེ། པགས་པའི་སྟེང་དུ་མཚོན་རྟགས་མངོན་ཡོང་བ་མ་ཟད་རྩིང་པོར་ཆགས་ངེས། ལས་སླ་པོའི་ངང་གདོང་མདོག་སེར་པོ་དང་། ནག་ཁྲ། ལང་ཚོའི་སྲིན་ཐོར་སོགས་ཀྱི་གནས་ཚུལ་འབྱུང་ངོ་། །མཚན་མོར་སྔ་ས་ནས་གཉིད་ཉལ་རྒྱུའི་གོམས་གཤིས་མེད་པའི་མི་ཞིག་ལ་ཆ་བཞག་ན། ག་ཚོད་འཕྱི་ནའང་ཐོ་རེངས་ཆུ་ཚོད་དང་པོའི་མཆིན་པ་གསོ་བའི་དུས་ཚོད་ལ་ངེས་པར་དུ་གཉིད་ཉལ་དགོས་པ་ཡིན།
ད་དུང་དེ་ལས་ཀྱང་ཆག་སྒོ་ཆེ་བ་ནི། དུས་ཡུན་རིང་པོར་མཚན་འཁྱོངས་བྱས་པ་དེས་ག་ལེ་ག་ལེར་གཉིད་མི་ཁུག་པ། བརྗེད་ངས་ཆེ་བ། ཁྲོ་སླ་བ། སེམས་ཁྲལ་ཆེ་ཞིང་བློ་མི་བདེ་བ་སོགས་དབང་རྩའམ་ཀླད་རྩར་གནོད་སྐྱོན་དང་བསམ་པའི་ནད་རྟགས་ཅི་རིགས་མངོན་ཡོང་བ་ཡིན་ནོ།།
དེ་སྔ་གྲགས་ཅན་གྱི་སྐད་ཆ་ཚིག་དུམ་ཞིག་ཡོད་དེ། དུས་རྒྱུན་ང་ཚོས་མི་ཆེ་གེ་མོ་ཞིག་ལ་གདོང་གཤིས་ཡག་པོ་འདུག་ཅེས་བཤད་མོད། གདོང་གཤིས་དེ་ཡང་ལུས་པོའི་ཤའི་སྟེང་གི་འོད་ཟེར་ཙམ་ཡིན། ལུས་ཟུངས་ཀྱི་རླུང་ཡག་པོ་གསོ་དགོས། དེ་ལྟར་བྱས་པས་ཀླད་ཤུགས་དང་ཏིང་ངེ་འཛིན་གྱི་སྟོབས་མཐའ་དག་ཡག་པོ་ཡོང་བ་ཡིན། རླུང་འཛོམས་སོང་ན། ལམ་འགྲོ་ཡང་ཡག་པོ་ཡོང་ངེས། ཁྱེད་རང་ཕྱུག་པོ་ཆགས་འདོད་དམ། རླུང་སྒོམ་བྱེད་པ་ནི་རྨོངས་དད་མ་ཡིན། མི་གཅིག་གི་རླུང་འཛོམས་སོང་བ་དེས་ལམ་འགྲོ་ཡང་དེ་ཚོད་ཀྱིས་ཡག་པོ་ཡོང་བ་དང་། རྒྱུ་ནོར་གྱི་འབྱུང་ཁུངས་ཀྱང་འབར་ངེས་ཡིན། མཚན་ལྟས་ལྟ་ཤེས་ན། ཁྱེད་ཀྱིས་གང་ཟག་སུ་བསམ་དོན་མ་འགྲུབ་པ་དང་གང་ཟག་སུ་ལ་ཉོ་ཚོང་ཕམ་ཉེས་བྱུང་བ། གདོང་གཤིས་ལ་བལྟས་པ་ཙམ་གྱིས་ཧ་གོ་ཐུབ། ཁྱེད་ཀྱིས་བལྟས་ན། དངུལ་སྒོར་གཡོར་དུ་འགྲོ་མཁན་གྱི་མི་དེ་སྐད་ཆ་ཡང་ཤོད་མི་ཕོད་དེ། དབུགས་ཤོར་ཟིན་པ་དང་འདྲ་བ་རེད། དེ་ལས་ཤེས་རྟོགས་ཐུབ་པ་ནི། མཚན་འཁྱོངས་ཀྱིས་བསམ་པའི་ནུས་ཤུགས་ལ་གནོད་སྐྱོན་ཚབས་ཆེན་བཟོས་པ་དེ་རེད། གནས་ལུགས་རིག་པའི་ལྟ་ཕྱོགས་ནས་བཤད་ན། མཚན་མོ་ཆུ་ཚོད་བཅུ་གཅིག་ནས་ཐོ་རེངས་ཆུ་ཚོད་གཉིས་པའི་བར་ངེས་པར་དུ་གཉིད་ཉལ་དགོས་པ་ཡིན། དེ་མིན་མཚན་འཁྱོངས་མཚན་གཅིག་བྱས་པ་དེ་ཉིན་བརྒྱ་ཡིས་ཀྱང་ཁ་གསབ་བྱེད་ཐབས་བྲལ་ལོ།།
མཚན་འཁྱོངས་ལ་ཡིད་གཟབ་གནང་དགོས། འདི་ནི་གཟུགས་པོར་ཆེས་གནོད་ཤོས་ཤིག་དང་ལས་དབང་གི་ཁ་ཕྱོགས་ལའང་ཆེས་གནོད་ཤོས་ཤིག་ཡིན།
ངའི་བསམ་པར། ང་ཚོ་ཚང་མས་ཤེས་གསལ་ལྟར། མཚན་མོའི་ཆུ་ཚོད་བཅུ་གཅིག་པར་གཉིད་མ་ཉལ་ཚེ་ལུས་པོར་ཧ་ཅང་གནོད་ཀྱི་ཡོད། འོན་ཀྱང་ཚོད་འཛིན་བྱེད་མི་ཐུབ་ཏེ། རྒྱུ་མཚན་ནི་ལས་དུས་སྣོན་པ་དང་ལེའུའི་གློག་བརྙན་གྱི་རྗེས་སུ་སྙེག་པ། ལག་ཐོགས་ཁ་པར་ལ་གཡེང་བ་སོགས་སྐར་ཆ་ནས་སྐར་མ་བྱས་ཏེ་ཆུ་ཚོད་བཅུ་གཉིས་ཡོལ་འགྲོ་བའོ། །དེར་བརྟེན་མཚན་འཁྱོངས་ནི་དུས་རྒྱུན་དུ་ང་དང་ཁྱེད་ཀྱི་ངོར་གདོད་ནས་གྲུབ་ཟིན་ཏོ།།
བརྟག་དཔྱད་བྱས་པ་གཞིར་བཟུང་གསལ་པོར་ཤེས་པ་ནི། མིག་སྔར་ཀྲུང་གོའི་མི་བརྒྱ་ཆ་བརྒྱད་ཅུ་ཐམ་པ་ལ་ 80% གཉིད་ཉལ་བའི་དུས་ཚོད་ཆུ་ཚོད་ ༨ མི་འདང་ངོ་།། 50–60–70 རྗེས་ཀྱི་གཉིད་ཉལ་བའི་དུས་ཚོད་ནི་ཆུ་ཚོད་ 8—10 བར་བཟུང་བ་ཡིན། སོ་སོར་ཕྱེ་ན། བརྒྱ་ཆ་ 8—33% 14.29%—14.09% ཡིན། འོན་ཀྱང་གཞོན་ནུའི་ 80—90 རྗེས་ཀྱི་གཉིད་ཉལ་བའི་དུས་ཚོད་ཡོངས་ཁྱབ་ཏུ་ཆུ་ཚོད་ 5—8 བར་ཡིན།
སློབ་ཆེན་སློབ་མའི་བུ་མོའི་གཉིད་ཡེར་བའི་བསྡུར་ཚད་དེ་སློབ་ཆེན་སློབ་མའི་བུ་ལས་ཀྱང་བརྒྱ་ཆའི་གྲངས་བཅུ་ཡིས་མཐོ་བ་ཡོད། འབྱུང་རྐྱེན་གཙོ་བོ་ནི། སློབ་ཆེན་སློབ་མའི་བུ་མོའི་ནང་བརྒྱ་ཆ་ 68.75%ནི་ཐོ་རེངས་ཆུ་ཚོད་ 12 གོང་དུ་གཉིད་ལོག་པས་ཡིན། འོན་ཏེ། སློབ་ཆེན་སློབ་ཕྲུག་བུ་མང་ཆེ་བ་ནི། མཚན་འཁྱོངས་ཀྱིས་བཟོས་པའི་ལུས་ཁམས་བདེ་ཐང་མེད་པའི་གཉིད་ཉལ་བ་དེ་རེད།
དོན་དངོས་ཐོག གྲུབ་འབྲས་མངོན་གསལ་མེད་ཅིང་། མཚན་འཁྱོངས་ཀྱིས་ཁྱེར་ཡོང་བའི་དྲན་པ་ཉམས་པའི་ནད་དེས་རིམ་པས་ང་ཚོར་འཇབ་རྒོལ་གྱིས་གནོད་སྐྱོན་གཏོང་བཞིན་པ་ཡིན། མཚན་འཁྱོངས་ཀྱིས་ང་ཚོའི་དྲན་ཤེས་ཀྱི་ནུས་པ་ཉམས་པར་བྱེད་པ་དང་། ཚོར་སྣང་ཞན་པོར་འགྱུར་བ། མགོ་བོ་ན་བ། དེ་རྗེས་གཉིད་མི་ཁུག་པ། པགས་པ་རྒས་ཉམས་ཅན་དུ་འགྱུར་བ། རིམས་འགོག་གི་ནུས་ཤུགས་ཉམས་པ། གསང་རྒྱུད་ཟགས་གཤེར་མེད་པར་འགྱུར་བ། འབྲུམ་བུ་ཐོན་པ་སོགས་ད་ལྟ་ཕན་ཆོད་སོ་སོའི་བདེ་ཐང་གི་གནད་དོན་སྣ་ཚོགས་མཚན་འཁྱོངས་ཀྱིས་བཟོས་པ་ཤེས་རྟོགས་བྱུང་ངམ། མཚན་འཁྱོངས་ཀྱིས་བཟོས་པའི་གསང་རྒྱུད་ཟགས་གཤེར་མེད་པར་ཆགས་པ་མ་ཟད། ད་དུང་སྐྲ་བུད་པ་སོགས་འབྱུང་བ་ཡིན། འདི་ལྟར་ཁྱེད་རང་གི་མགོ་ལ་ཡོད་པའི་གནག་ཅིང་སྣུམ་པའི་སྐྲ་ལོ་དེ་དག་ཀྱང་ཉིན་རེ་ནས་ཉིན་རེ་བཞིན་གཉིད་མེད་པའི་མཚན་དགུང་དུ་གོ་མེད་ཚོར་མེད་ཀྱི་ངང་ནས་མེད་པར་བཟོས་པའོ།།
འབྲེལ་ཡོད་གཞི་འཛིན་གསར་པའི་གྲངས་ཀ་གསལ་པོར་མཚོན་པར་གཞིགས་ན། གློ་བུར་རྐྱེན་ལམ་དུ་སོང་བ། ལོ་ 18—80 ཚོགས་པའི་ནང་དུ་ཆ་སྙོམས་ཐོན་པ་ཡིན། འོན་ཀྱང་ལོ་གཞོན་ཚོ་ནི་གློ་བུར་དུ་འཆི་བའི་ནད་གཞི་ཁྱབ་ཚད་འབོར་ཆེ་བ་ཡིན་མོད། ན་ཚོད་ཚན་པ་སོ་སོར་གློ་བུར་ཤི་བའི་གྲངས་ཚད་ནི།
ལོ་ཚད་ཚན་པ།: ལོ་ 18-39 ལོ་ 40-59 ལོ་ 60—80 ཚོད་རྩིས་ལྟར་ན།: རིམ་བཞིན་བརྒྱ་ཆ། 43%— 39%—17.90% ཡིན།
དུས་ཡུན་རིང་པོར་མཚན་འཁྱོངས་བྱས་པ་དེས་གཟུགས་པོར་གནོད་སྐྱོན་ཧ་ཅང་ཆེ། ཚབས་ཆེན་རྣམས་ཐད་ཀར་རྐྱེན་ལམ་དུ་གཏོང་བ་ཡིན། དོན་དངོས་ཐོག་ཕྱི་ཉལ་བཙན་ཤེད་ཀྱི་ནད་དེའི་ངོ་བོ་ཕྱི་ཉལ་ནར་འགྱངས་ཀྱི་ནད་ཅིག་སྟེ། ཁྱེད་རང་གིས་ཧ་ཅང་ཐང་ཆད་པ་ཚོར་ལ། སོ་སོ་རང་ཉིད་གཉིད་ཉལ་རན་པའང་ཤེས་མོད། འོན་ཀྱང་ཁྱེད་རང་ནི་སོ་སོའི་རྩིས་འཕྲུལ་ཁ་རྒྱག་མི་ཐུབ་པ་དང་། འབོལ་སྟན་སྟེང་ནས་ལང་ཐབས་མེད་པ། ཁ་ཆུ་བཤལ་གཏོང་ཐབས་མེད་པ། ཁ་པར་འཇོག་ཐབས་མེད་པ་སོགས་གང་ལྟར་ཕྱི་རོལ་རྒྱུ་རྐྱེན་གྱིས་འགལ་རྐྱེན་བར་ཆད་ཅིག་མ་བྱུང་བའི་གནས་སྟངས་འོག ཁྱེད་རང་རྒྱུན་དུ་ཉལ་སའི་ནང་གཉིད་ཉལ་རྒྱུའི་དུས་ཚོད་དེར་ཚོད་དཔག་བྱེད་ཐབས་བྲལ་ལོ།།
མདོར་ན་མི་རྣམས་གཉིད་ཉལ་བར་འདོད་མོས་མེད་པའི་རྒྱུ་མཚན་ནི་ལག་པའི་ནང་གི་དོན་དག་དེས་གཉིད་ཉལ་བ་ལས་ཀྱང་ཆེས་ཡིད་དབང་འཕྲོག་ནུས་པའི་ཕྱིར་རོ།།

བསྒྱུར་གཞི།

དྲ་ཐོག་གི་ཁ་བྱང་བོད་སྐད་དུ་སྨོས་ན་ «གནའ་བོའི་རྒྱ་ནག་གི་སྐྱེས་བུ་དམ་པའི་རིག་གནས།» ཞེས་པ་ལས་བསྒྱུར།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།