ལོ་ན་ཆེ་རུ་སོང་དུས།

ལེངས་ཊོན་ཧིའུས། (Langston Hughes)

ལོ་རིམ་བརྒྱད་པའི་སློབ་གཉེར་བ། ཕུན་ཚོགས་སྟོབས་འགྱུར།


གནའ་སྔ་མོའི་སྐབས་ཤིག་ལ་རེད།
ད་ལྟ་ངའི་རེ་དོན་འདི་བརྗེད་ལ་ཁད་འདུག
འོན་ཀྱང་དེ་དུས་རེ་དོན་འདི་གནས་ཡོད།
ངའི་མདུན་ཕྱོགས་སུ། ངའི་རེ་དོན།
ཉི་མ་ནང་བཞིན་འོད་ལམ་མེར།
དེ་ནས་རྩིག་པ་ཞིག་འབུར་ཐོན་བྱུང་སོང་།
ང་དང་ངའི་རེ་དོན་དཀྱིལ་མར།
ག་ལེར་ག་ལེར་གྱེན་དུ་འཕར་སོང་།
འཕར་གྱིན་འཕར་གྱིན་གནམ་ལ་རེག་སོང་།
དེ་ནས་རྩིག་པའི་གྲིབ་མ་ཆགས།
གྲིབ་མས་ང་ནག་ཁུང་བཟོས།
ད་ལྟ་ང་དེ་ཡི་གྲིབ་མའི་འོག་ཏུ་ཉལ་ནས་བསྡད་ཡོད།
ད་ནི་མདུན་ཕྱོགས་སུ། ངའི་རེ་དོན་གྱི་འོད་སྣང་མི་འདུག
རྩིག་པ་མཐུག་པོ་དང་དེའི་གྲིབ་མ་རང་རེད་འདུག
ཨོ། ངའི་ལག་པ། ངའི་ལག་པ་ནག་པོ།
རྩིག་པ་འདི་གཏོར་བཤིག་ཐོངས་དང་།
ངའི་རེ་དོན་འདི་འཚོལ་རོགས་བྱོས་དང་།
ནག་ཁུང་འདི་སེལ་བའི་ཆེད་དང་།
མཚན་མོ་འདི་གཏོར་བའི་ཆེད།
ད་དུང་གྲིབ་མ་འདི་གཅོག་པའི་ཆེད་དུ་རེམས་དང་།
དེ་ཚོ་བསལ་ནས་འོད་ཟེར་སྟོང་ལྡན་གྱི་ཉི་མ་དེ་ཤར་དུ་ཆུག་དང་།
དེ་ཚོ་བསལ་ནས་ངའི་རེ་དོན་སྟེང་དུ་འཁྱིལ་བའི་ཉི་མ་དེ་ཤར་དུ་ཆུག་དང་།

བསྒྱུར་གཞི། https://www.poemhunter.com/poem/as-i-grew-older/

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།