ལོ་རིམ་དྲུག་པའི་སློབ་གཉེར་བ། ཆོས་དབྱིངས་བླ་མ།
སྐྱིད་པོ་འདོད་པ་རྣམས་ཀྱིས་རང་ཉིད་རྟག་པར་ཞི་བདེར་འཇོག་དགོས།
སེམས་ཞི་བདེར་གནས་པ་ནི་སྐྱིད་པོའི་མཐར་ཐུག་གོ།
སངས་རྒྱས་ཀྱིས་གསུངས།
ཁྱེད་ཀྱིས་མི་ཚེའི་ནང་ལ་ནོར་འཁྲུལ་ག་ཚོད་བྱས་ཡོད་ཀྱང་།
གལ་སྲིད་དེ་ལ་བསྐྱར་ཟློས་མ་བྱས་ཚེ་ཁྱེད་རང་སྐྱེས་བུ་དམ་པ་ཞིག་ཏུ་འགྱུར་འོང་ངོ་།།
ཁབ་ཏཌ་སྭ་མི།
དེ་རིང་མ་བྱུང་ན་སང་ཉིན་ཟེར་བ་སྟེ།
དེ་ནི་མི་ཡི་ལེ་ལོའི་ན་ཚ་ཆེ་ཤོས་ཤིག་རེད།
ཨ་ཨིན་སི་ཊན།
མི་ལ་ནུས་ཤུགས་ཉུངས་པའི་སྐྱོན་མེད།
ཉུང་དྲགས་པའི་སྐྱོན་ནི་མི་ཚེའི་ནང་ལ་གཅིག་བྱེད་ཀྱི་ཡིན་སྙམ་པའི་བསམ་བློ་མེད་པ་དེ་རེད།
བྷིག་ཊར། ཧུས་གོ།
ཁྱེད་ཀྱིས་སྐད་ཆ་ལན་གཅིག་ཤོད་འདོད་ན།
ཐེངས་གཉིས་བསམ་བློ་གཏོང་དགོས།
བྷེ་ལེམ་པཎ།
བསམ་བློ་བཏང་བ་ཡག་པོ་རེད།
སྐད་ཆ་བཤད་པ་དེ་ལས་ཀྱང་ཡག་པོ་རེད།
ཡིན་ན་ཡང་ཡག་ཤོས་ནི་ཁྱེད་ཀྱིས་ལག་བསྟར་བྱེད་ཡ་དེ་རེད།
ཨིམ་སོན།
ཁྱེད་རང་དཀའ་སྡུག་གི་འོག་ལ་ཚུད་ཡོད་ན། དེ་ནི་མི་སུ་ཞིག་གི་སྐྱོན་མ་རེད།
སྐྱོན་ནི་ཁྱེད་རང་རང་གི་ནང་དུ་ཡོད།
དེ་ཡིན་དུས་རང་སྐྱོན་བཙལ་ནས་ཕྱིར་འདོན་བྱེད་དགོས་པ་ནི་ཁྱེད་ཀྱི་ལས་འགན་ནོ།།
ཁབ་ཏཌ་སྭ་མི།
གལ་ཏེ་ཁྱེད་རང་རི་མཐོན་པོའི་རྩེར་སླེབ་འདོད་ན།
རི་ཆུང་ཆུང་ནས་ཡར་འཛེག་རྒྱུ་འགོ་འཛུགས་དགོས།
ས་ཧི་ར་ས།
བསྒྱུར་གཞི།
བལ་སྐད་དུ་ཡོད་པའི་ Mananiya Abhibyakti ཞེེས་པའི་དཔེ་དེབ་ལས་བསྒྱུར།