ལོ་རིམ་བཞི་པའི་སློབ་གཉེར་བ། བསྟན་པ་ཚེ་རིང་གུ་རུང་།
གནས་ལྷོ་ཕྱོགས་བེ་ཏའི་དགའ་ཚལ་ན།།
རྗེ་གྲུབ་དབང་ཡིད་བཞིན་ནོར་བུ་ཡི།།
ཆོས་མདོ་སྔགས་སྦྱོང་སའི་དག་ཞིང་དེ།།
དུས་དེང་སང་འཛམ་གླིང་ངོས་སུ་བརྗིད།།
སྔོན་རྔ་ཡབ་གླིང་གི་ཕོ་བྲང་དེ།།
དེང་ལྷོ་ཕྱོགས་རྒྱ་མཚོའི་ཕ་མཐའ་ན།།
རྗེ་གྲུབ་དབང་བླ་མས་དྲངས་འདུག་ཅེས།།
གཏམ་ཕྱི་ནང་མཁས་བླུན་ཀུན་ཀྱིས་སྒྲོག །
མཐའ་ལག་སྐོར་མ་ཎི་ལྕགས་རིའི་ནང་།།
སྤང་བདེ་འཇམ་གཞོང་པ་བཏིང་འདྲ་ལ།།
མཛེས་ཡིད་འོང་མེ་ཏོག་སྣ་ཚོགས་ཀྱིས།།
ས་ཡོམ་ཡོམ་བསྒུལ་འདི་ཨེ་མ་མཚར།།
གནས་དེ་ན་དགེ་འདུན་འདུས་པ་ཡིས།།
གོས་ངུར་སྨྲིག་དཔལ་ཡོན་ངོམས་པ་ན།།
བྱ་རྒོད་པོའི་གཟུགས་འཛིན་མཁའ་གྲུ་ནས།།
སར་མཚམས་སྤྲིན་ཞུན་མ་འཁྱིལ་འདུག་ཟེར།།
དྲིན་མཁན་སློབ་ཆུ་འཛིན་འཁྲིགས་པ་ནས།།
ཆོས་ལུང་རིགས་འབྲུག་སྒྲ་འབྱིན་པའི་ཚེ།།
མི་བསོད་ནམས་ལྡན་པ་རྨ་བྱའི་ཚོགས།།
གཞུང་མདོ་སྔགས་ཀུན་ལ་གར་རྩེད་རོལ།།
གནས་གཞན་དུ་མི་ལོ་དུ་མའི་རིང་།།
སྡུག་དཀའ་ཚེགས་དང་བཅས་སྦྱོང་འོས་པ།།
ལོ་དགུའི་ནང་དཀའ་གནད་གྲོལ་བ་ཡི།།
མི་མཁས་དབང་འཛིན་མའི་རྡུལ་ལ་འགྲན།།
གཞན་ད་དུང་ལྷིང་འཇགས་ཁོར་ཡུག་གིས།།
ནང་སེམས་ལ་ཞི་བདེ་བསྐྲུན་ཚུལ་དེ།།
བདག་རང་ཉིད་གཅིག་པུས་མྱོང་བ་ལས།།
དེབ་རྒྱ་ཤོག་ངོས་ལ་འབྲི་ཐབས་བྲལ།།