ལོ་རིམ་དགུ་པའི་སློབ་གཉེར་བ། པདྨ་རྒྱལ་མཚན།
ལས་དབང་དམར་པོས་དེད་པའི་བྱ་སྒྲོ་ཞིག །
ཆགས་པའི་རྟེན་གཞི་རྨིག་རྗེས་ཙམ་ཡང་མེད།།
དྲི་བཞོན་གར་འགྲོའི་ས་ལ་དབང་བའི་དུས།།
བདག་མེད་བདག་ཏུ་བཟུང་བའི་མི་བོ་དྲན།།
གནམ་ས་གཉིས་ལས་མི་ཤེས་ས་མཐའ་ན།།
རྣམ་ཤེས་མུན་པས་བཏུམས་པའི་མགོན་མེད་ང་།།
གང་ལ་གཏད་སོ་མེད་པར་ལུས་པ་ན།།
མ་ཡུམ་ཤེས་རིག་གླིང་དུ་དྲངས་པ་དྲན།།
ཕ་མའི་བྱམས་བརྩེ་ལ་མོའི་རྒྱབ་ཏུ་ལུས།།
ཐག་རིང་ཡུལ་ན་འབོད་སའི་གཉེན་ཉེ་མེད།།
སེམས་ཀྱི་ནང་ན་གཏན་གྱི་འདུན་མ་ཅན།།
མི་ཚེའི་ལམ་སྟོན་གནང་བའི་བཀའ་དྲིན་དྲན།།
བཅུ་ཕྲག་རིག་པའི་ལྭ་བས་ཕྱི་རུ་གཡོགས།།
ཡ་རབས་དམ་པའི་ཀུན་སྤྱོད་གཟུངས་སུ་བཅུག །
ལྟོ་གོས་ཆོས་གསུམ་བསྩལ་ཏེ་རྒྱུན་དུ་བསྐྱངས།།
མི་ལུས་མི་རུ་བཟོས་པའི་བཀའ་དྲིན་དྲན།།
ཐུགས་རྗེའི་རང་གཟུགས་པ༵ད་ཚལ་སློབ་གླིང་དུ།།
བྱམས་བརྩེ་མ༵་ཡུམ་ལྟ་བུས་སྐྱེད་སྲིང་གནང་།།
དགོས་འདོད་ཐམས་ཅད་སྩོལ་བའི་ནོ༵ར་བུ༵་བཞིན།།
ཡབ་རྗེ་གྲུབ་དབང་བླ་མ་སྙིང་ནས་དྲན།།
སྐྱེ་བ་འདི་ནས་ཁྱེད་ཀྱི་རྗེས་བཟུང་ནས།།
ལུས་དང་གྲིབ་མ་བཞིན་དུ་འགྲོགས་པར་ཤོག །
ཐུགས་རྗེའི་དགོངས་པའི་ཕྲིན་ལས་ཟིལ་ཐིགས་ཙམ།།
ཚེ་རབས་ཀུན་ཏུ་ཐོབ་པའི་སྨོན་ལམ་འདེབས།།
༢༠༢༠/༠༦/༠༥