གྲངས་ཀའི་འཆར་སྒོ།

ལི་ཐང་དབྱིག་གཉེན། (རྫོང་གསར་མཐོ་སློབ།)

ཐུགས་སེམས་དབུས་སུ་འགལ་འདུ་མང་བ་ལ།།
ག་རེ་བྱས་ཀྱང་སྣེ་མོ་གཉིས་སུ་གྱེས།།
དེས་ཀྱང་མི་ཕན་མ་འོངས་ཁྲ་ལམ་མེར།།
རྨི་ལམ་ཁྲོད་ནས་བཙལ་ཀྱང་མཐོང་ཨང་སྙམ།།

འཆར་སྒོ་ཡངས་མོའི་ལུགས་སུ་བྱས་བཞག་ན།།
ཉི་མ་ཕར་འགྲོ་ཟླ་བ་ཚུར་འོང་སྒྲ།།
འོད་དང་མུན་པ་དེ་དག་སྡེབ་པའི་གྲངས།།
ངུ་རྒྱུ་དགོད་རྒྱུ་གཉིས་ཀ་ལྷན་དུ་འབྱུང་།།

སྡུག་བསྔལ་ཆུ་བོ་བྱོ་བ་ནང་བཞིན་རེད།།
བདེ་སྐྱིད་མེ་ཏོག་བཞད་པ་ནང་བཞིན་རེད།།
སྙིང་ལ་བབ་དང་མི་བབ་མ་གསུང་དང་།།
ང་ཡི་ལམ་ནི་དེ་གཉིས་ཕན་ཆད་ཟད།།

འཁོར་བའི་ཀུ་རེ་ཞིབ་དང་མི་ཞིབ་ལ།།
བཙལ་མི་ཕོད་པའི་མདངས་ཀྱང་དེ་ནས་རྙེད།།
འོན་ཏེ་རང་ཁྱིམ་རྙིང་གོག་ཚུན་ཆད་ཀྱང་།།
དོགས་པ་སྣ་ཚོགས་ང་རང་ལ་ཡང་སྐྱེ།།

སྲོད་ཁ་མང་ཆེར་འཆར་སྒོ་ཤིན་ཏུ་མྱུར།།
དུས་ནི་ཐུང་ཐུང་ཞིག་ལས་མི་སྣང་ཡང་།།
ང་རང་བདུན་དང་བརྒྱད་ལ་གྱུར་བ་མང་།།
མོ་རང་དགུ་དང་བཅུ་ལ་གྱུར་བའང་ཡོད།།
༢༠༢༡/༠༤/༡༥

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།