གབ་ལན་ཉག་ཕྲན་སྒྲོ་ལྡན།

«སྤྱི་ལོ་ ༢༠༢༡ ལོའི་པདྨའི་རང་མདངས་འདོན་ཐེངས་སྔ་མའི་གབ་ལན།»

ལོ་རིམ་བཞི་པའི་སློབ་གཉེར་བ། བློ་བཟང་བསྟན་འཛིན།

བཟོ་དབྱིབས་སྲབ་མཐུག་གཅིག་ཏུ་མ་ངེས་པ།།
འདི་དང་ཕྱི་མར་ལེགས་ཚོགས་འབྱུང་བའི་གནས།།
ཇི་ཙམ་འབྲེལ་འདྲིས་མང་ན་བློ་སྐྱེད་སྟེར།།
རྩ་ཆེའི་དངོས་དེར་དཔེ་དེབ་ཅེས་སུ་གྲགས།།

ནག་པོ་རྒྱ་ནས་རྒྱལ་ཁམས་གང་སར་ཤོར།།
གོ་ལའི་ཁྱོན་འདིར་གྱོང་གུད་སྣ་མང་བསྐྲུན།།
མཐོ་དམན་རྒན་གཞོན་སྐྱ་སེར་ཕོ་མོ་ཀུན།།
ཁྱོད་ལ་མི་སྐྲག་མི་འདུག་ཏོག་དབྱིབས་ནད།།

ལེགས་ལམ་བཀོལ་ན་ཡོན་ཏན་འབྱུང་བའི་གནས།།
ཉེས་ལམ་སྤྱད་ན་ཐུར་དུ་འདྲུད་པ་སྟེ།།
དབང་པོ་དྭངས་མའི་འདྲེན་བྱེད་ཟུང་གི་གཤེད།།
ལག་ཐོག་ཁ་པར་ཀུན་ཀྱི་མིག་ལམ་མཛེས།།

ཐོབ་ཤོར་རྒྱལ་ཁམས་འགྲན་རྩོད་གཏེ་དཔོན་ནི།།
དྲྭ་བར་འཛུལ་ཚེ་དགའ་སྐྱོའི་ཚོར་འདུ་འདྲེན།།
རྐང་པའི་སྒྱུ་རྩལ་ཅན་ཚོའི་མདུན་ལམ་མཆོག།
རྐང་རྩེད་སྤོ་ལོའི་བསྟན་པ་ཇེ་དར་རེད།།

གནའ་བོའི་ཡབ་ཆེན་ཕྱག་སོར་ནས་བརྒྱུད་ཅིང་།།
ཁུ་བྱུག་སྔོན་མོའི་གྲེ་འགྱུར་ལས་སྙན་པའི།།
སྡེབ་ལེགས་དབྱངས་དང་ལྷན་ཅིག་འཁྲོལ་པའི་མོད།།
སེམས་སུ་དགའ་སྤྲོ་སྤེལ་འདི་རྒྱུད་མངས་ལགས།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།