«སྤྱི་ལོ་ ༢༠༢༡ ལོའི་པདྨའི་རང་མདངས་འདོན་ཐེངས་སྔ་མའི་གབ་ལན།»
ལོ་རིམ་དང་པོའི་སློབ་གཉེར་བ། ཟླ་བ་ཚེ་བརྟན།
ཆེ་མ་ཆུང་དང་དབྱིབས་གཟུགས་གྲུ་བཞི་མ།།
ཤེས་བྱའི་བང་མཛོད་ཁོག་སྙིང་འཇུག་ས་དང་།།
མཁས་བླུན་ཀུན་ཀྱིས་ཤེས་བྱའི་རོལ་རྩེད་རྩེས།།
འདི་ལ་རྩ་ཆེའི་དངོས་པོ་ཀློག་དེབ་ཟེར།།
རྒྱ་ནག་ཡུལ་གྱིས་བྱིན་པའི་རྔན་པ་གཅིག།
སྟོབས་ཆེན་ཨ་རི་རྒྱལ་ཁབ་ཧད་དུ་བཅུག།
རྒྱ་གར་ཡུལ་གྱི་མི་རྣམས་སྐྱེངས་སུ་བཅུག།
སྐྱེས་བུ་བྲེད་ཤ་ལངས་ས་ཏོག་ནད་ཡིན།།
རྒན་གཞོན་ཀུན་ཀྱི་མིག་གི་གཤེད་དུ་གྱུར།།
ཉིན་མཚན་མེད་པར་དབུལ་ཕྱུག་ཐམས་ཅད་ཀྱིས།།
བྱ་བ་ཆེ་ཆུང་མཐའ་དག་ཕྱིར་བཤོལ་ཏེ།།
མིག་ལྟར་གཅེས་པའི་དངོས་པོ་ཁ་པར་ཡིན།།
གླིང་འདིར་གྲགས་ཆེ་སྐྱེ་བོ་ཀུན་ཀྱིས་རྩེས།།
ལག་པས་མིན་པར་རྐང་པས་སྒྱུ་རྩལ་ངོམ།།
ཐ་མ་དགའ་སྐྱོ་འདྲེས་མའི་ཚོར་སྟེར་བ།།
གཞོན་སྐྱེས་རྣམས་ཀྱི་དགའ་ས་རྐང་སྤོལ་ཡིན།།
གྲིམ་ས་གྲིམས་ལ་ལྷོད་ས་ལྷོད་པས་ན།།
སྙན་སྙན་འགྱུར་ཁུག་སྣ་ཚོགས་འབྱིན་བྱེད་ཀྱི།།
རྒྱུད་སྐུད་བུ་སྤུན་དྲུག་པོ་མི་གཅིག་ཀྱང་།།
ཀུན་ལ་སྤྲོ་སྣང་སྦྱིན་མཁན་སྒྲ་སྙན་ལགས།།