མཁན་པོ་ཆོས་འཕེལ་ནོར་བུ།
1ངོ་མཚར་ཚོགས་ཆེན་རྡུལ་བྲལ་རྒྱ་མཚོའི་ཀློང་། །ལེགས་བསྲུབས་རྨད་བྱུང་སྲིད་ཞིའི་གཙུག་གི་རྒྱན།།
དོན་ཀུན་གྲུབ་པ་བསམ་འཕེལ་ཡིད་བཞིན་ནོར། །ལྷར་བཅས་སྐྱེ་དགུའི་དཔལ་དུ་བྱོན་པ་དྲན།།
འཇོག་པོས་རོལ་པ་དྲི་མེད་དྭངས་བསིལ་མཚོར། །སྐྱོན་གྱིས་མ་གོས་འདབ་སྟོང་པདྨའི་དབུས།།
མི་ཤིགས་རྡོ་རྗེའི་སྐུ་མངའ་རྫོགས་སངས་རྒྱས། །སྔགས་ཀྱི་སྟོན་པ་བྱོན་པ་དེང་འདིར་དྲན།།
རྨད་བྱུང་རྒྱལ་བ་སྲས་ཀྱི་དགོངས་པའི་བཅུད། །དྲི་བྲལ་ལེགས་བཤད་ཐེག་དགུའི་དམ་ཆོས་མཛོད།།
བརྒྱ་ཕྲག་དཀའ་བས་དཔལ་གྱི་བསམ་ཡས་སུ། །འདྲེན་པའི་ཤིང་རྟ་ཆོས་རྒྱལ་ལོ་པཎ་དྲན།།
མཐའ་བྲལ་དབུ་མའི་ལྟ་བར་དབང་འབྱོར་ཞིང་། །ཟབ་གསལ་སྒྱུ་འཕྲུལ་དྲྭ་བའི་དོན་ལ་མཁས།།
མན་ངག་འོད་གསལ་སྙིང་པོའི་གསང་མཛོད་བརྙེས། །རིན་ཆེན་མཚན་འཆང་སྤྲུལ་པའི་ལོ་ཆེན་དྲན།།
བརྒྱུད་གསུམ་རིག་འཛིན་རྒྱ་མཚོའི་གསང་གསུམ་འཕྲུལ། །ཐུབ་བསྟན་མཛེས་པར་བྱེད་པའི་རྒྱན་གཅིག་པུ།།
ངོ་མཚར་ཨ་ཡིག་རང་བྱུང་རི་མོ་ཅན། །རྗེ་བཙུན་མཚུངས་པ་མེད་པའི་ལྷ་མཆོག་དྲན།།
ཐོས་བསམ་རྩལ་ཞན་སྐྱེས་སྟོབས་རིག་པའི་མེ། །ཤིན་ཏུ་ཉམ་ཆུང་ལོག་བཤད་ཚང་ཚིང་ཀླུང་།།
སྐྱེ་བར་ངེས་པས་ལྷ་མཆོག་ཁྱེད་རྣམས་ཀྱིས། །མི་འཕྲོག་མཆོག་གི་བཀྲ་ཤིས་སྣང་བ་སྩོལ།།
དེའང་བསིལ་ལྡན་གངས་ཅན་ལྗོངས་སུ་ཐོག་མར་ཚིགས་ལ་བཙན་ལྔའི་ཡ་གྱལ་སྤུ་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་(ca. 373–ca. 4522) གྱི་དུས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས།བར་དུ་བསོད་ནམས་དར་བའི་སྤུ་རྒྱལ་སྲོང་བཙན་སྒམ་པོ་(617–6503)ཡི་དུས་སུ་དམ་པའི་ཆོས་ཀྱི་སྲོལ་བཏོད།ཤིན་ཏུ་སྐྱིད་པའི་རྒྱལ་རབས་སོ་དགུ་པ་སྤུ་རྒྱལ་ཁྲི་སྲོང་ལྡེའུ་བཙན་(742–797)4གྱིས་ཟ་ཧོར་གྱི་མཁན་ཆེན་བྱང་ཆུབ་སེམས་དཔའ་ཞི་བ་འཚོ་དང་། ཨོ་རྒྱན་གྱི་གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་རྣམ་གཉིས་གངས་ཅན་ཁ་བའི་བསོད་ནམས་ཀྱི་ལྷ་སྐལ་དུ་སྤྱན་དྲངས་ཏེ། ཆུ་ཕོ་སྟག་ནས་ (762–766)5 མེ་ཕོ་རྟ་བར་དཔལ་གྱི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པ་གསར་དུ་བཞེངས། མཁན་ཆེན་གྱི་མདུན་དུ་སད་མི་མི་བདུན་རབ་ཏུ་བྱུང་ཞིང་ལོ་ཆེན་བཻ་རོ་ཙ་ན་དང་། སྐ་ཅོག་ཞང་གསུམ། རྨ་རིན་ཆེན་མཆོག་སོགས་གསོ་སྐྱོང་གིས་ལོ་ཙཱ་བསླབས་པ་དང་རྒྱ་ཆོས་བོད་དུ་བསྒྱུར་ཅིང་གཏན་ལ་ཕབ་པ། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤེལ་ཞིང་འཆད་པ། སྒོམ་སྒྲུབ་ཉམས་ལེན་དང་བཅས་པའི་སྒོ་ནས་ཆེས་དར་ཞིང་རྒྱས་པའི་སྐབས་ནི་ཤིན་ཏུ་སྐྱིད་པའི་རྒྱལ་རབས་ཀྱི་དུས་སོ།6 །དེ་ལྟར་མཁན་སློབ་ཆོས་གསུམ་གྱི་ཕྲིན་ལས་ཀྱི་བྱེད་པོ་མཁས་དང་གྲུབ་པ་བརྙེས་པ། གདོང་དམར་ཁ་བ་ཅན་སྤྱི་དང་བྱེ་བྲག་ལ་བཀའ་དྲིན་འགྲན་པའི་ཟླ་དང་བྲལ་བ། རྒྱལ་བསྟན་ཉི་མ་བྱང་དུ་འདྲེན་པའི་ཤིང་རྟ་ཆེན་པོ་རྨད་བྱུང་སྤྲུལ་པའི་ལོ་ཙཱ་བ་དུ་མ་བྱོན་པའི་ནང་ནས། འདིར་ལོ་ཙཱ་བ་ཆེན་པོ་རྨ་བན་རིན་ཆེན་མཆོག་ཇི་ལྟར་བྱོན་པའི་རིམ་པ་ལ་ཅུང་ཟད་དཔྱད་པར་བྱ།
སྤྱིར་རྗེ་འབངས་ཉེར་ལྔ་ཞེས་ཁ་བ་ཅན་ལ་གྲགས་པ་ཆེ་ནའང་སྒྲ་སྒྱུར་བཻ་རོ་ཙ་ན་སོགས་གྲུབ་པའི་རྗེ་འབངས་འགའ་ཞིག་ལ་རྣམ་ཐར་ཅུང་རྒྱས་པ་བྱུང་། གཞན་ཕལ་མོ་ཆེའི་རྣམ་ཐར་ནི། ཀོང་སྤྲུལ་བློ་གྲོས་མཐའ་ཡས་ (1813–1899; BDRC: P264) ཀྱིས་18867 ལོར་མཛད་པའི་«ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པ་རིན་ཆེན་བཻཌཱུརྱའི་ཕྲེང་བ་»རུ་ཅུང་ཟད་འབྱུང་བ་ནི་བཀའ་དྲིན་ཤིན་ཏུ་ཆེ། དེ་ལྟར་ལོ་ཙཱ་བ་འདི་ཉིད་ཀྱི་རྣམ་ཐར་བསྡུས་ཙམ་དེར་བྱུང་ཞིང་། ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ (1428–1507; BDRC: P396) ཀྱིས་སྤྱི་ལོ་ 14748 ལོར་མཛད་གྲུབ་པའི་«རོང་སྟོན་རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ་»རུ་རྒྱས་པ་མི་སྣང་ཡང་ཡིག་ཕྲེང་གསུམ་ཙམ་གྱི་ནང་དུ་ལོ་ཆེན་འདི་ཉིད་ཀྱི་འཁྲུངས་གནས་དང་རིགས་རུས། ལྟ་བ། སྒོམ་སྒྲུབ་མཛད་པའི་གནས། རབ་ཏུ་བྱུང་སའི་བླ་མ་བཅས་ངོས་འཛིན་གསལ་པོ་འཁོད་པ་ནི་ལོ་རྒྱུས་སྔ་བ་དང་རིན་ཐང་ཅན་དུ་མཇལ། ཀོང་སྤྲུལ་རིན་པོ་ཆེས་ཀྱང་འདི་ཉིད་ལ་གཞིར་བཟུང་སྟེ་མཛད་པར་མངོན་ཞིང་། ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་ཚོས་ཀྱང་མཚོན་ཙམ་རེ་བཤད་པ་དེ་ལོ་རྒྱུས་གཉིས་གང་རུང་ལས་དྲངས་པ་ངེས། འདིར་ཡང་ལོ་རྒྱུས་དེ་གཉིས་ཐོག་མའི་དཔྱད་གཞིར་བཟུང་སྟེ་ས་བཅད་བཅུ་གསུམ་དུ་ཕྱེ་ནས་བཤད་པ་ལ།
དང་པོ། འཁྲུངས་སའི་གནས་ལ་བསམ་པ།
དེའང་«རོང་སྟོན་རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ་»ལས།9 “དེའི་རིགས་ནི་རུས་ཆེན་རྨ་ཞེས་བྱ་བའོ། །ཡུལ་ནི་དབུ་རུ་བྱང་ཕྱོགས་འཕན་ཡུལ་གྱི་སའི་ཐིག་ལེ་རྨ་བཙོ་ཞེས་བྱ་བའོ། །”ཞེས་རིགས་རུས་དང་འཁྲུངས་ཡུལ་གསལ་བར་ངོས་འཛིན་བྱུང་། དེ་བཞིན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་10“དབུ་རུ་འཕན་11ཡུལ་གྱི་རྨ་བཙོ་12ཞེས་བྱ་བར་འཁྲུངས།” ཞེས་དབུས་ལྷ་ལྡན་དང་ཉེ་བའི་འཕན་ཡུལ་གྱི་སའི་བྱེ་བྲག་ཅིག་ཏུ་སྐུ་འཁྲུངས་པར་བཞེད། འཕན་ཡུལ་ལོ་རྒྱུས་རྩོམ་སྒྲིག་ཚོགས་ཆུང་གིས་སྤྱི་ལོ་ 2016 ལོར་བསྒྲིགས་པའི་«འཕན་པོ་ཡུལ་གྱི་ངོ་སྤྲོད་མདོར་བསྡུས་»ལས་13ཀྱང་ཀོང་སྤྲུལ་རིན་པོ་ཆེའི་གསུང་ཇི་བཞིན་བཀོད་པ་ལས་རྨ་བཙོ་ངོས་བཟུང་དམིགས་སུ་བྱས་མེད། འཕན་ཡུལ་ནི་ཤར་ནག་ཆུ་རྫོང་དང་། ལྷོར་སྟག་རྩེ་རྫོང་། ཤར་ལྷོར་གྲོང་ཁྱེར་ལྷ་ས། ནུབ་སྟོད་ལུང་བདེ་ཆེན་རྫོང་། བྱང་འདམ་གཞུང་རྫོང་བཅས་ཀྱིས་བསྐོར་བའི་དབུས་སུ་ཆགས་ཤིང་གྲོང་ཁྱེར་ལྷ་ས་ནས་རྒྱང་ཐག་སྤྱི་ལེ་ 6514ཙམ་གྱི་སར་ཡོད་ཚུལ་«འཕན་ཡུལ་གྱི་ངོ་སྤྲོད་མདོར་བསྡུས་»ལས་15བཤད། འོན་ཀྱང་རྨ་བཙོ་ཞེས་པའི་གནས་དེ་ངོས་འཛིན་བྱས་པ་མི་སྣང་ལ། གོང་གི་ལོ་རྒྱུས་གསུམ་ལས་ཆོས་འབྱུང་ལོ་རྒྱུས་གཞན་དུ་མིང་འདི་འདྲ་མི་སྣང་བས་དཔྱད་པའི་གཞི་མ་རྙེད། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (1820–1892; BDRC: P258) ཡིས་མཛད་པའི་«དབུས་གཙང་གི་གནས་རྟེན་རགས་རིམ་གྱི་མཚན་བྱང་མདོར་བསྡུས་དད་པའི་ས་བོན་»ལས།16 “མང་མཁར་གྱི་གཞུང་དུ་ལོ་ཙཱ་བ་རྨ་རིན་ཆེན་མཆོག་གི་འཁྲུངས་ཡུལ་ཡིན་སྐད་གྲོང་པ་”ཞེས་འབྱུང་། མང་མཁར་ནི་འདི་ཉིད་ལས་17གསལ་བ་ལྟར་ན་ས་སྐྱ་ནས་ནུབ་ཕྱོགས་སུ་ཞག་གཅིག་ཙམ་སོང་བའི་སར་ཡོད་ཚུལ་གསུངས། དེ་བཞིན་ཀ῝ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་ (1880–1923/25; BDRC: P706) ཡིས་མཛད་པའི་«གངས་ལྗོངས་དབུས་གཙང་གནས་སྐོར་ལམ་ཡིག་ནོར་བུ་ཟླ་ཤེལ་གྱི་སོ་དོ༌»ལས།18 ས་སྐྱའི་བྱང་ངོས་སུ་ས་བཟང་གདན་ས་ཨ་ནེ་དགོན་པར་གྱུར་པ། དེ་ནས་མར་འོང་བའི་ཤར་ངོས་སུ་སློབ་དཔོན་ཆེན་པོ་མཁར་ཆེན་བྲག་ལ་ལོ་གཅིག་བཞུགས་པའི་གནས་ཀྱི་མར་ནགས་དཀྱིལ་ན་རྙིང་མའི་སྔགས་དགོན་ཆུང་ངུ་ཞིག་ཡོད། དེའི་ལུང་མདའ་ནས་ཡར་ནུབ་བྱང་དུ་ཕྱིན་པས་མང་མཁར་མདའ་ཡོད་ཚུལ་གསུངས། གནས་དེར་19“རྨ་ལོ་ཙཱ་བ་རིན་ཆེན་མཆོག་འཁྲུངས་སར་བྱང་གཏེར་ལུགས་སྔགས་དགོན་སྔགས་པ་དྲུག་ཅུ་ཙམ་བཀྲ་ཤིས་ལྷུན་པོའི་ཞབས་བརྟན་པ། མང་མཁར་ཐུབ་བསྟན་དགེ་འཕེལ་གླིང་།” ཞེས་ཡོད་ཚུལ་གསུངས། དེ་ལྟར་པཎ་ཆེན་ཤཱཀྱ་མཆོག་ལྡན་དང་ཀོང་སྤྲུལ་རིན་པོ་ཆེས་འཁྲུངས་གནས་ངོས་འཛིན་ཚུལ་ལས་ཐ་དད་པ་བྱུང་། ལོ་ཙཱ་བ་འདི་མང་མཁར་ཕྱོགས་སུ་འཁྲུངས་ན་འགོས་ལོ་གཞོན་ནུ་དཔལ་ (1392–1481; BDRC: P318) གྱིས་147820 ལོར་མཛད་པའི་«དེབ་ཐེར་སྔོན་པོ་»རུ།21 “ལ་སྟོད་ལྷོར་རྨ་ལོ་ཙཱ་བ་ཆོས་འབར་ཞེས་བྱ་བར་སྐུ་འཁྲུངས།” ཞེས་རྨ་བན་ཆོས་འབར་ (1044–1089; BDRC: P4CZ10557) དང་རིགས་རྒྱུད་ལའང་འབྲེལ་བ་ཡོད་སྲིད་པ་ལྟ་བུར་མངོན་ཡང་ཆོས་འབར་གྱི་རྣམ་ཐར་ཉུང་ངུ་ཙམ་ལས་མི་མངོན་པས་ཇི་ལྟར་ཡིན་པ་གསལ་ཁ་མ་ངེས།
གཉིས་པ། འཁྲུངས་པའི་དུས་ལ་བསམ་པ།
ལོ་ཙཱ་བ་འདི་ཡོངས་སུ་གྲགས་པའི་ཆོས་འབྱུང་ལོ་རྒྱུས་ཀུན་ལ་གོང་གསལ་ལྟར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་བྱོན་པར་རྩོད་པ་མེད། ཆོས་རྒྱལ་དེ་ཉིད་འཁྲུངས་པའི་ལོ་ལ་བཞེད་པ་མི་མཐུན་པ་མང་ཡང་དེང་གི་ལོ་རྒྱུས་ཞིབ་འཇུག་པ་མཁས་པ་མང་པོས་ཏུན་ཧོང་ཡིག་རྙིང་ཁུངས་སུ་བྱས་ཏེ་སྤྱི་ལོ་དུས་རབས་བརྒྱད་པའི་ཆུ་ཕོ་རྟ་ (742) ལ་འཁྲུངས་ཤིང་མེ་མོ་གླང་ (797) གི་ལོར་དགོངས་པ་ཞི་བར་གཤེགས་པའི་དབང་དུ་བྱས་ན་རྗེ་འདི་ཉིད་ཀྱང་དུས་རབས་བརྒྱད་པའི་དཀྱིལ་ཙམ་སྟེ་ཆོས་རྒྱལ་དང་དགུང་ཚོད་ཕལ་ཆེར་གཡས་གཡོན་ཙམ་ལོ་རྒྱུས་རེ་འགའ་ལ་བལྟས་ན་མིན་ནམ་སྙམ། དེའང་བཅོམ་ལྡན་རིགས་པའི་རལ་གྲི་ (1227–1305; BDRC: P1217) ཡིས་མཛད་པ་«བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་»དུ།22 “གཞན་ཡང་[23]རྨ་རིན་ཆེན་མཆོག་དང་། གཙང་དེ་བེནྡྲ་[24]དང་། བྲན་ཁ་མུ་ཁེནྡྲ་[25]དང་། འཁོན་ན་གེནྡྲ་[26]དང་། […] དེ་[27]བ་ཙནྡྲ་ལ་སོགས་པས་ཤེས་སོ། །”ཞེས་ལོ་ཙཱ་བ་ཉེར་བཞི་ཙམ་བསྒྲངས་པའི་མཇུག་ཏུ་སླར་ཡང་།[28] “བཙན་པོ་འདིའི་སྐུ་ཚེའི་སྨད་ལ་ནི་བན་དེ་[29]ཡེ་ཤེས་སྡེ་དང་། དྷརྨ་ཏ་ཤཱི་[30]ལ་དང་། སྐ་[31]བ་དཔལ་བརྩེགས་དང་། ཅོག་རོ་[32]ཀླུའི་རྒྱལ་མཚན་ལ་སོགས་པས་ཀྱང་”ཞེས་ལོ་ཙཱ་བ་འདི་དག་ཆོས་རྒྱལ་ཁྲི་སྲོང་གི་སྐུ་ཚེའི་སྨད་དུ་བྱོན་ཚུལ་གསུངས་པ་འདིས་གོང་གི་ལོ་ཙཱ་བ་རྣམས་ཆོས་རྒྱལ་གྱི་སྐུ་ཚེའི་སྟོད་ལ་འཁྲུངས་པར་ངོས་འཛིན་མཛད་ཀྱི་ཡོད་པར་དཔོག་ཐུབ། རོག་བན་དེ་ཤེས་རབ་འོད་ (1166–1244; BDRC: P4301) ཀྱིས་དུས་རབས་བཅུ་གསུམ་པའི་སྟོད་དུ་[33]མཛད་གྲུབ་པའི་«ཆོས་འབྱུང་གྲུབ་མཐའ་ཆེན་མོ་བསྟན་པའི་སྒྲོན་མེ་»ལས།[34] “ལོ་ཙཱ་བ་རྒན་གསུམ་ནི། བཻ་རོ་ཙ་ན། གཉགས་ཛྙཱ་[35]ན་ཀུ་མཱ་ར། རྨ་རིན་ཆེན་མཆོག་གོ །གཞོན་གསུམ་ནི། སྐ་[36]བ་དཔལ་བརྩེགས[37]། ཅོག་[38]རོ་ཀླུའི་རྒྱལ་མཚན། ཞང་བན་དེ་[39]ཡེ་ཤེས་སྡེའོ། །”ཞེས་སྐ་ཅོག་ཞང་གསུམ་ལས་རྒན་པ་ཡིན་ཚུལ་འབྱུང་བ་འདིས་ལོ་རྒན་གཞོན་ལས་གོ་གནས་ཀྱིས་རིམ་པ་ཕྱེ་བ་ནི་མིན་ཏེ། དཔའ་བོ་གཙུག་ལག་ཕྲེང་བ་ (1504–1564/66; BDRC: P319) ཡིས་1545–1564[40] ལོའི་བར་མཛད་པའི་«དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན་»ལས།[41] “བཻ་རོ་ཙ་ན། ལྡན་མ་རྩེ་མང༌། ཁ་ཆེ་ཨཱ་ནནྟ་སྟེ་ལོ་ཙཱ་བ་རྒན་གསུམ། གཉགས་ཛྙཱ་ན་ཀུ་མ་[42]ར། འཁོན་[43]ཀླུའི་དབང་པོ། རྨ་རིན་ཆེན་མཆོག་སྟེ་བར་པ་གསུམ། སྐ་[44]བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སྟེ་གཞོན་གསུམ་སྟེ་ལོ་ཙཱ་བ་རབ་དགུ་དང་།” ཞེས་གོ་གནས་ཀྱི་སྒོ་ནས་ཕྱེ། གཞན་ཡང་གཏེར་ཆེན་རཏྣ་གླིང་པ་ (1403–1479; BDRC: P470) ཡིས་1458–1466[45] ལོའི་བར་མཛད་པའི་«ཆོས་འབྱུང་བསྟན་པའི་སྒྲོན་མེ་རྩོད་ཟློག་སེངྒེའི་ང་རོ་»ལས།[46] “འབྲིང་གསུམ་ནི། གཉགས་ཛྙཱ་ན་ཀུ་མཱ་[47]ར། རྨ་རིན་ཆེན་མཆོག འཁོན་[48]ཀླུའི་དབང་པོ། འདི་གསུམ་གྱིས་འགྱུར་གྱི་རྩ་བདག་མཛད།” ཅེས་ལོ་ཙཱ་བ་འབྲིང་གསུམ་གྱི་གྲས་སུ་ཡིན་པར་གསུངས་པས་ཤེས་ནུས། དེ་ལྟར་ལོ་རྒྱུས་འདི་དག་གི་བབས་དང་བསྡུར་ན་ཆོས་རྒྱལ་ཁྲི་སྲོང་དང་དགུང་ལོ་ཁྱད་ཆེན་པོ་མེད་པའི་ལོ་ཙཱ་བ་ཞིག་ཡིན་པར་ངོས་འཛིན་བྱ་ཐུབ་སྙམ།
གསུམ་པ། རབ་ཏུ་བྱུང་ཚུལ་ལ་བསམ་པ།
ལོ་རྒྱུས་སྔ་བ་མཁས་པ་ལྡེའུ་ (b. ca. 12th cent.)[49] ཡིས་1261 ལོའི་རྗེས་སུ་[50]མཛད་པའི་«རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་»རུ།[51] དུས་ནམ་རབ་ཏུ་བྱུང་ཚུལ་མི་མངོན་ཡང་སད་མི་བཅུ་གསུམ་ཞེས་པའི་ཐ་སྙད་མཛད་དེ་ཐམས་ཅད་ཀྱི་མཚན་བཀོད་ཡོད། དེ་དག་གི་ནང་ཚན་“བློ་རྣོ་བ་རིན་ཆེན་”ཞེས་པ་ཞིག་བྱུང་བ་དེ་ལོ་ཙཱ་བ་འདི་ཉིད་ཀྱི་མཚན་མིན་ནམ་སྙམ་སྟེ། དཔའ་བོ་གཙུག་ལག་ཕྲེང་བས།[52] “བློ་རྣོ་རབ་མཆོག་རྨ་བན་རིན་ཆེན་མཆོག །”ཅེས་པ་ལྟ་བུ་བྱུང་བས་འདི་ལའང་དཔྱད་པའི་གཞིར་སྣང་། རྒྱལ་སྲས་ཐུགས་མཆོག་རྩལ་གྱིས་མཛད་པའི་«ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་ཐུབ་བསྟན་གསལ་བར་བྱེད་པའི་ཉི་འོད་»[53]དུ་རང་གི་བཞེད་པའི་སད་མི་མི་བདུན་དང་གཞན་གྱི་འདོད་པའི་སད་མི་མི་བདུན་ཏེ་ལུགས་གཉིས་དྲངས་ཡོད་ཀྱང་དེ་གཉིས་ཀར་ལོ་ཙཱ་བ་འདི་ཉིད་ཚུད་མེད་ཅིང་། དེའི་འོག་ཏུ་ལུག་གི་ལོར་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་བཅུ་གཉིས་གདན་འདྲེན་གྱིས་ལོ་ཙཱ་བ་འདི་དང་ལ་གསུམ་རྒྱལ་བ་བྱང་ཆུབ་སོགས་རབ་ཏུ་བྱུང་ཚུལ་གསུངས། གཞན་ཡང་ལོ་རྒྱུས་འགའ་ཞིག་ཏུའང་ལོ་ཙཱ་བ་འདི་སད་མི་མི་བདུན་གྱི་གྲས་སུ་མི་བརྩི་བའང་སྣང་། དེ་མིན་བུ་སྟོན་རིན་ཆེན་གྲུབ་ (1290–1364; BDRC: P155) ཀྱིས་སྤྱི་ལོ་ 1322[54] ལོར་མཛད་གྲུབ་པའི་«བདེ་བར་གཤེགས་པའི་བསྟན་པའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད༌»[55]དུ་འདི་ཉིད་སད་མི་མི་བདུན་གྱི་གྲས་སུ་བཞེད། གཞན་ཡང་འདི་དང་མཐུན་པར་ཤོད་མཁན་མང་ཡང་ཡིག་ཚོགས་ལ་འཇིགས་ཏེ་མ་བྲིས། དེ་ལྟར་མཁན་ཆེན་ཞི་བ་འཚོ་བོད་ཀྱི་དོན་དུ་ཐེངས་གཉིས་བྱོན་པའི་ཕྱི་མའི་སྐབས་དཔལ་གྱི་བསམ་ཡས་བཞེངས་ཤིང་རབ་གནས་གྲུབ་པའི་རྗེས་སུ་སད་མི་དག་གིས་རབ་བྱུང་སྒྲུབ་ཚུལ་མཁས་པ་རྣམས་མཐུན་ཞིང་། བསྒྲུབས་པའི་ལོ་ཡང་རེ་ཟུང་གིས་ཡོས་ལོར་བཞེད་པ་ཙམ་ལས་ཕལ་མོ་ཆེས་ལུག་གི་ལོར་ངོས་འཛིན་མཛད། དེའང་«སྦ་གསལ་སྣང་གི་བཞེད་པ་»ལས།[56] “དེ་ནས་ཡོས་ཀྱི་ལོའི་དཔྱིད་ཟླ་ར་བའི་ངོ་ལ། སློབ་དཔོན་གྱིས་[57]གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ། དབུས་པ་བྱེ་བྲག་ཏུ་[58]སྨྲ་བ་བྱ་བའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ནས།” ཞེས་ཡོས་ཀྱི་ལོར་རྒྱ་གར་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་དགེ་སློང་བཅུ་གཉིས་སྤྱན་དྲངས། མཁན་ཆེན་གྱིས་བཻ་རོ་ཙ་ན་དང་། ཞང་ཉ་བཟང་གི་བུ་ལྷ་བུ་སོགས་ལ་སྒྲ་བསླབས་ཏེ་མཆིམས་ལེགས་བཟང་སོགས་ཞང་བློན་གྱི་བུ་ཚ་མང་པོ་ཞིག་གིས་སྐད་མ་ཤེས། མཁན་པོ་ལ་ཆོས་རྒྱལ་ཁྲི་སྲོང་གིས་ངའི་ཞང་བློན་དག་གིས་དགེ་སློང་བཏུབ་བམ་ཞེས་ཞུས་པའི་ལན་དུ། བཏུབ་བམ་སད་པར་བྱ་གསུངས་ནས་ཐོག་མར་དད་པ་ཆེ་བའི་སྦ་ཁྲི་གཟིགས་རབ་ཏུ་བྱུང་སྟེ་མཚན་སྦ་དཔལ་དབྱངས་བཏགས། དེ་ནི་བོད་ཀྱི་རབ་ཏུ་བྱུང་བ་ཐམས་ཅད་ཀྱི་སྔ་བ་དེ་ཡིན་པར་གསུངས། དེ་ནས་བཻ་རོ་ཙ་ན་དང་རྨ་རིན་ཆེན་མཆོག་སོགས་མི་དྲུག་གིས་དགེ་སློང་བྱས་ཚུལ་འབྱུང་བ་འདིས། སྦ་ཁྲི་གཟིགས་ཡོས་ཀྱི་ལོར་ཐོག་མར་རབ་ཏུ་བྱུང་ཚུལ་ལས་སད་མི་གཞན་རྣམས་དུས་ནམ་ཞིག་རབ་ཏུ་བྱུང་བའི་ལོ་གསལ་ཁ་མེད། ཡང་«སྦ་བཞེད་ཞབས་བཏགས་མ༌»ལས།[59] “ལུག་ལོའི་དཔྱིད་ཟླ་ར་བའི་[60]ངོ་ལ་སློབ་དཔོན་གྱིས་ཐམས་ཅད་ཡོད་པར་སྨྲ་བའི་སྡེ། དབུས་པ་བྱེ་བྲག་ཏུ་སྨྲ་བའི་དགེ་སློང་བཅུ་གཉིས་སུ་སྤྱན་དྲངས་ནས་”ཞེས་དགེ་སློང་དེ་དག་སྤྱན་དྲངས་ཏེ་གོང་གི་«སྦ་བཞེད་»ལྟར་སྦ་ཁྲི་གཟིགས་ཐོག་མར་རབ་ཏུ་བྱུང་། དེ་ནས་སད་མི་མི་དྲུག་རབ་ཏུ་བྱུང་ཚུལ་གསུངས། «སངས་རྒྱས་ཀྱི་ཆོས་བོད་ཁམས་སུ་ཇི་ལྟར་བྱུང་བའི་བཀའ་མཆིད་ཀྱི་ཡི་གེ་»ལས། དབའ་རྨ་གཟིགས་ཀྱི་བུ་མཁན་པོ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་སྟེ་རཏྣ་ཞེས་མཚན་བཏགས་ཤིང་།[61] “ལུག་གི་ལོ་དགུན་ཟླ་འབྲིང་པོ་ལ་ཞལ་བསྲོས་པྲ་ཏི་ཆེན་པོ་མཛད་པའི་ཚེ། ཇོ་བོ་གཅེན་ཁྲི་རྒྱལ་དང་། སྲུ་བཙན་མོན་རྒྱལ་ལ་སོགས་ཏེ་རྗེ་འབངས་བརྒྱ་རབ་ཏུ་བྱུང་བའི་མཁན་པོ་ཡང་དབའ་རིན་པོ་ཆེས་བགྱིས།” ཞེས་ལུག་གི་ལོ་དབའ་རཏྣས་མཁན་པོ་བྱས་ཏེ་རབ་ཏུ་བྱུང་ཚུལ་ཞིག་གསུངས། དེ་ལྟར་ལོ་རྒྱུས་འདི་གསུམ་ལས་ཡོས་ལོ་དང་ལུག་ལོར་རབ་ཏུ་བྱུང་ཚུལ་དང་། སད་མི་ཕྱི་མ་རྣམས་ཀྱི་ལོ་ངོས་བཟུང་མེད་པ་སྟེ་བཤད་ཚུལ་གསུམ་བྱུང་བས་དུས་ནམ་ཞིག་ཡིན་ངོས་ཟིན་དཀའ་བར་སྣང་། ཕྱིས་ཀྱི་ལོ་རྒྱུས་དག་གིས་ལོ་ངོས་འཛིན་དེ་ཕལ་ཆེར་«སྦ་བཞེད་»གསུམ་པོ་གང་རུང་ལ་གཞིར་བཅས་ཏེ་ངོས་འཛིན་བྱས་པ་ལྟ་བུར་མངོན། གཞན་ཡང་སྔོན་གྱི་ལོ་རྒྱུས་དག་ལའང་བཞེད་པ་མི་མཐུན་པའི་བཤད་ཚུལ་མང་ཡང་། འདིར་དེ་དག་གནས་སྐབས་དོར་ཏེ་འབྲི་གུང་ཆེ་ཚང་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་ (BDRC: P4582) ཀྱིས་མཛད་པའི་«ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བ། བོད་བཙན་པོའི་རྒྱལ་རབས་»ལས།[62] ཉང་རལ་ཉི་མ་འོད་ཟེར་གྱི་«ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་»དུ་ཁྲི་སྲོང་ལྡེའུ་བཙན་དགུང་ལོ་ཉི་ཤུ་གླང་གི་ལོར་དམ་པའི་ཆོས་བྱ་བའི་འདུན་པ་འཁྲུངས་ཚུལ་གསུངས་པའི་གླང་ལོ་དེ་ལྕགས་གླང་ལ་ཁེལ་བ་དང་། ཏུན་ཧོང་ཡིག་རྙིང་དུ་ཆུ་རྟ་སྤྱི་ལོ་ 742 ལོར་འཁྲུངས་ཚུལ་བཤད་པ་རྣམས་འགོ་ཐུག་ཚུལ་གསུངས། སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་ (1654–1717/18; BDRC: P667) ཡིས་1689[63] ལོར་མཛད་གྲུབ་པའི་«རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བའི་རྣམ་འགྲེལ་གསེར་གྱི་ཤིང་རྟ་»[64]ལས་ཆོས་རྒྱལ་ཁྲི་སྲོང་ཆུ་རྟ་ལ་འཁྲུངས་ཚུལ་གསུངས་པ་དེ་དག་དབང་བཙན་དུ་བྱས་ན། རྩིས་གཞུང་དེ་ཉིད་ལས།[65] ཆུ་ཕོ་སྟག་ལ་བསམ་ཡས་བཞེངས་པ་དབུ་བཙུགས་ནས་མེ་ཕོ་རྟ་ལ་གྲུབ། དེའི་ཕྱི་ལོ་མེ་ལུག་ལོར་སད་མི་མི་བདུན་རབ་ཏུ་བྱུང་ཚུལ་གསུངས་པ་ལྟར་ན་སྤྱི་ལོ་ 767 ལོར་སད་མི་མི་བདུན་རབ་ཏུ་བྱུང་ཡོད།
བཞི་པ། བླ་མ་བསྟེན་པའི་ཚུལ་ལ་བསམ་པ།
སྤྱིར་ལོ་ཙཱ་བ་འདི་ཆོས་རྒྱལ་ཁྲི་སྲོང་དུས་ཀྱི་བླའི་མཆོད་གནས་བཀུར་བའི་དགེ་སློང་དང་རྒྱ་ཆོས་བོད་ལ་སྒྱུར་མཁན་གྱི་ལོ་ཙཱ་བ་ཆེན་པོ་ཡིན་པས་འཕགས་ཡུལ་ཕྱོགས་ནས་ཁ་བ་ཅན་དུ་བསྟན་འགྲོའི་དཔལ་དུ་བྱོན་པའི་མཚན་ལྡན་གྱི་པཎྜི་ཏ་རྣམས་བླ་མར་བཀུར་ཞིང་དམ་ཆོས་གསན་བཞེས་མཛད་ཡོད་རིགས་ཀྱང་། ལོ་རྒྱུས་དག་ལས་གསལ་བ་ལྟར་ན་སྤྱིར་བླ་མ་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་དང་། པཎ་ཆེན་བི་མ་ལ་མི་ཏྲ། ཤཱཀྱ་པྲ་བྷ་གསུམ་དང་། བོད་ཀྱི་ལོ་ཆེན་བཻ་རོ་ཙ་ན་དང་། གཉགས་ཛྙཱ་ན་ཀུ་མཱ་ར། རྒྱལ་མོ་གཡུ་སྒྲ་སྙིང་པོ་རྣམས་ཡིན་ཞིང་། ཁྱད་པར་དུ་ཨོ་རྒྱན་ཆེན་པོ་དང་པཎ་ཆེན་བི་མ་ལ་མི་ཏྲ་གཉིས་ནི་ཐུན་མིན་གྱི་བླ་མ་ཡིན་པ་སྔ་ཕྱིའི་ཡིག་ཆ་དག་ཏུ་གསལ་བས་ཇི་ལྟར་འབྱུང་ཚུལ་ཅུང་ཟད་ཞུ་ན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ (1308–1364; BDRC: P1583) ཀྱིས་མཛད་པའི་«གསང་བ་སྙིང་པོའི་སྤྱི་དོན་ལེགས་པར་བཤད་པའི་སྣང་བས་ཡིད་ཀྱི་མུན་པ་ཐམས་ཅད་སེལ་བ་»ལས།[66] “བཻ་རོ་ཙ་ན་དང༌། གཉགས་ཛྙཱ་ན་ཀུ་མཱ་ར་གཉིས་ཀའི་སློབ་མ་རྨ་རིན་ཆེན་མཆོག་གོ །”ཞེས་སྒྱུ་འཕྲུལ་བརྒྱུད་པའི་བླ་མ་ཡིན་པར་གསུངས། བཀའ་མཆིམས་ཕུ་མར་གྲགས་པ་«རྩ་རྒྱུད་གསང་བ་སྙིང་པོའི་འགྲེལ་པ་ཉི་མའི་སྙིང་པོ་»ལས།[67] “ཡང་པདྨས་[68]ཕྱི་རེས་རྨ་དང་གཉགས་ལ་བཤད།” ཅེས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་འདི་ཉིད་ལ་གསུངས་ཚུལ་བྱུང་། «དེབ་ཐེར་སྔོན་པོ་»ལས།[69] “སྔོན་བྱོན་པའི་རྙིང་མ་པ་དེ་དག་ལ་རྒྱུད་ཀྱི་བཤད་པ་དེང་[70]སང་གི་བར་དུ་ཡང་གནས་པ་ནི། སྒྱུ་འཕྲུལ་གསང་བ་སྙིང་པོའི་སྐོར་རྣམས་ཡིན་ཏེ། འདི་ནི་བི་མ་ལས་ལོ་ཙཱ་བ་ཆེན་པོ་རྨ་རིན་ཆེན་མཆོག་ལ་གནང་ཞིང་དེས་ལེགས་པར་བསྒྱུར།”ཅེས་དང་། ཡང་དེ་ཉིད་ལས།[71] “བི་མ་ལ་མི་ཏྲ་ནི་སངས་རྒྱས་གསང་བའི་ཡང་དངོས་ཀྱི་སློབ་མ་སྟེ། སྒྱུ་འཕྲུལ་གྱི་སྐོར་རྣམས་ནི་སངས་རྒྱས་གསང་བ་ལས་བི་མ་ལ་དང༌། དེས་རྨ་རིན་ཆེན་མཆོག་ལའོ། །”ཞེས་གསུངས་པ་བཞིན་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་སྒྱུ་འཕྲུལ་མཁན་པོ་དག་གིས་ཀྱང་པཎྜི་ཏ་ཆེན་པོ་བི་མ་ལ་མི་ཏྲས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་ཆོས་སྐོར་རྣམས་ལོ་ཙཱ་བ་འདི་ལ་གནང་སྟེ་ལོ་པཎ་གཉིས་ཀྱིས་བསྒྱུར་ཡོད་ཚུལ་ཕལ་མོ་ཆེ་མཐུན་ཞིང་། དེང་མཇལ་དུ་ཡོད་པའི་«སྒྱུ་འཕྲུལ་གསང་བའི་སྙིང་པོ་»ཡི་དཔེ་མི་འདྲ་བ་ཇི་ལྟར་འབྱུང་ཡང་འགྱུར་བྱང་འཁོད་ན་ལོ་པཎ་འདི་གཉིས་ཀྱི་འགྱུར་ཡིན་པར་ངེས། སྒྱུ་འཕྲུལ་དྲྭ་བའི་བརྒྱུད་རིམ་ཐམས་ཅད་ཕྱོགས་སུ་བསྡུས་ན་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། པཎ་ཆེན་བི་མ་ལ་མི་ཏྲ་གཉིས་ལ་ཐུག དེ་གཉིས་ལས་ལོ་ཙཱ་བ་འདི་ལ་བརྒྱུད་དེ་བཀའ་མཆིམས་ཕུ་མའམ་མན་ངག་བརྒྱུད་པར་གྲགས་པ་དང་། སྒྱུ་འཕྲུལ་ཁམས་ལུགས་སུ་གྲགས་པ་རྣམས་སློབ་དཔོན་འདི་ཉིད་ལས་བརྒྱུད། ཚལ་པ་ཀུན་དགའ་རྡོ་རྗེ་ (1309–1364; BDRC: P4525) ཡིས་སྤྱི་ལོ་ 1346–1363[72] ལོའི་བར་མཛད་པའི་«དེབ་ཐེར་དམར་པོ་»[73]རུ། སྒྱུ་འཕྲུལ་«གསང་སྙིང༌»པཎ་ཆེན་བི་མ་ལ་མི་ཏྲ་ནས་རྨ་གཉགས་གཉིས་ལ་གསུངས། དེ་གཉིས་ནས་བརྒྱུད་པའི་སློབ་མ་གཙང་སྟོད་མང་མགར་དང་། ལ་སྟོད་ལྷོ་བྱང་། འབྲི་ཆུ་འབབ་ཡུལ་གྱི་བརྒྱུད། སྤོ་འབོར་སྒང་གི་ས་ཆ་རྣམས་སུ་དར་སྤེལ་བྱུང་ཚུལ་གསུངས་པ་བཞིན། སྒྱུ་འཕྲུལ་བརྒྱུད་པའི་རིམ་པ་ལ་རོང་ལུགས་དང་། རོགས་ལུགས། ཟུར་ལུགས། ཁམས་ལུགས་བཅས་བརྒྱུད་པ་ཐམས་ཅད་འདི་ཉིད་ལ་ཐུག་ཅིང་། ད་ལྟའི་སྔ་འགྱུར་བའི་སྒྱུ་འཕྲུལ་གྱི་བརྒྱུད་པའི་ཆུ་བོ་ཆེན་པོའི་འདུས་མདོ་ལྟ་བུ་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་འདི་ལ་ཐུག་པས་བཀའ་དྲིན་ཤིན་ཏུ་ཆེ། ཡང་«རོང་སྟོན་རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ་»ལས།[74] “གྲུབ་ཆེན་མཚོ་སྐྱེས་ཀྱི་དྲུང་དུ། དབང་དང་གདམས་པ་ཁྱད་པར་ཅན་གསན་ཞིང་ཉམས་སུ་བླངས་པ་ལས་གྲུབ་པ་བརྙེས་ཤིང་རིག་པ་འཛིན་པའི་ས་ལ་བཞུགས་སོ། །”ཞེས་གསུངས། «རྩོད་ཟློག་སེངྒེའི་ང་རོ་»ལས།[75] “མཆིམས་[76]ཕུ་དང་དབུ་རྩེ་རིགས་[77]གསུམ་དུ། ཨོ་རྒྱན་ཆེན་པོས་རྗེ་[78]འབངས་ཉི་ཤུ་རྩ་ལྔ་ལ། བདེ་གཤེགས་འདུས་པ་གསང་བ་ཡོངས་རྫོགས་རྡོ་རྗེ་དབྱིངས་ལ་སོགས་པའི་དབང་ཆེན་མོ་རྣམས་བསྐུར་བའི་དུས་ནའང་[79]། འདི་རྣམས་གཙོ་འཁོར་[80]བཞུགས་པ་ལས། བར་ཆད་[81]དུ་མ་སོང་སྟེ་ཤིན་ཏུ་བཞུགས་པ་ཡིན་ནོ། །”ཞེས་གསུངས་པ་དང་མཐུན་པ་ཕྱིས་བྱོན་མཁས་པ་དུང་དཀར་བློ་བཟང་ཕྲིན་ལས་ (1927–1997; BDRC: P1161) ཀྱིས་[82]ཀྱང་རྗེ་འབངས་ཉི་ཤུ་རྩ་ལྔ་ལ་སྒྲུབ་པ་བཀའ་བརྒྱད་ཀྱི་དབང་ཆེན་བསྐུར་ཚུལ་གསུངས་པ་ལོ་རྒྱུས་འདི་གཉིས་ཀྱིས་སློབ་དཔོན་འདི་ཉིད་ཡོད་པ་དོན་གྱིས་གྲུབ། རྗེ་བཙུན་ཏཱ་ར་ནཱ་ཐ་ (1575–1634; BDRC: P1428) ཡིས་མཛད་པའི་མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས་»ཀྱི་བཻ་རོའི་སྔ་འགྱུར་ལྔ་དང་། བི་མ་ལ་མི་ཏྲའི་ཕྱི་འགྱུར་གསུངས་ཚུལ་བཤད་པའི་ཐད་དུ།[83] “ཡང་ན་བརྒྱུད་པ་བར་མ་ལ་གཡུ་སྒྲ་སྙིང་པོས་གཉགས་ཛྙཱ་ན་དང༌། རྨ་རིན་ཆེན་མཆོག་ལ་གསུངས་པ་རྣམས་སོ། །”ཞེས་རྒྱལ་མོ་གཡུ་སྒྲ་སྙིང་པོ་ནས་རྫོགས་པ་ཆེན་པོ་སེམས་སྡེའི་སྐོར་རྗེ་འདི་ལ་གསུངས་ཚུལ་གསལ། ཡང་«དེབ་ཐེར་སྔོན་པོ་»[84]ལས། རྫོགས་པ་ཆེན་པོ་པཎ་ཆེན་བི་མ་ལ་མི་ཏྲས་རྨ་གཉགས་གཉིས་ལ་གསུངས་པའི་མན་ངག་གི་བརྒྱུད་པ་རོང་ཟོམ་ཆོས་ཀྱི་བཟང་པོ་ལ་མངའ་ཚུལ་གསུངས་པ་བཞིན་སྟག་སྒང་མཁས་མཆོག་གུ་རུ་བཀྲ་ཤིས་ (18th cent.; BDRC: P1712) ཀྱིས་[85]ཀྱང་གསུངས། ཁྱད་པར་དུ་པཎ་ཆེན་བི་མ་ལ་མི་ཏྲ་ཐུན་མིན་རིགས་བདག་བླ་མ་ཉིད་དུ་ངེས་པ་ལྟ་བུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པ་«སྔ་འགྱུར་རྡོ་རྗེ་ཐེག་པའི་དབང་སྐུར་སྤྱི་ལ་འཇུག་པའི་མཚམས་སྦྱོར་ཉུང་ངུར་བསྡུས་པ་བློ་གསལ་ངག་གི་འདོད་འཇོ་»ལས།[86] “པཎ་ཆེན་དྲི་མེད་བཤེས་གཉེན་གྱི་སྙན་བརྒྱུད་རྒྱ་མཚོའི་མངའ་བདག་རྨ་རིན་ཆེན་མཆོག་”ཅེས་པཎ་ཆེན་གྱི་སྙན་བརྒྱུད་རྒྱ་མཚོའི་བདག་པོ་ཡིན་པར་གསུངས་པ་དང་། གོང་གི་པཎ་ཆེན་ཤཱཀ་མཆོག་གིས་ཨོ་རྒྱན་ཆེན་པོ་ལས་གསང་སྔགས་ཀྱི་ཆོས་ཞུས་ཤིང་སྒོམ་སྒྲུབ་ཀྱིས་རིག་འཛིན་སར་གཤེགས་ཚུལ་བཤད་པ་འདི་དག་གིས་གྲུབ་པའི་སློབ་དཔོན་ཆེན་པོ་དེ་གཉིས་ནི་ཐུན་མིན་རིགས་ཀྱི་བདག་པོའམ་རྩ་བའི་བླ་མ་ཡིན་པར་ངེས། ཡང་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་[87]རྒྱལ་པོ་ཛ῝ནས་བརྒྱུད་དེ་ཤཱཀྱ་པྲ་བྷ་ལ། དེས་གངས་ཏི་སེར་རྨ་རིན་ཆེན་མཆོག དབས་མཉྫུ་ཤྲཱི། བྲན་ཁ་མུ་ཏིག་གསུམ་ལ་གསུངས་པའི་སྒྱུ་འཕྲུལ་དབང་ལུང་གི་བརྒྱུད་པ་མངའ་ཚུལ་ཡང་གསུངས། དེ་ལྟར་ཟབ་དོན་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཏུ་གྱུར་པ་མང་ཐོས་སློབ་དཔོན་ཆེན་པོ་ཞིག་ཏུ་བཞུགས་པར་གོར་མ་ཆག་གོ།
ལྔ་པ། ལོ་ཙཱ་བའི་གོ་གནས་ལ་བསམ་པ།
སྤྱིར་ཆོས་འབྱུང་ལོ་རྒྱུས་མང་པོར་སྔ་འགྱུར་དུས་སུ་ལོ་ཙཱ་བ་བརྒྱ་དང་རྩ་བརྒྱད་བྱོན་ཚུལ་ཡང་གསུངས། བུ་སྟོན་རིན་ཆེན་གྲུབ་ཀྱིས་[88]ལོ་ཙཱ་ཐོན་མི་སཾ་བྷོ་ཊ་ (b. 7th cent; BDRC: P5788) ནས་ནམ་མཁའ་སྐྱོང་བར་དུ་ལོ་ཙཱ་བ་ལྔ་བཅུ་ང་ལྔ་ཙམ་ངོས་འཛིན་བྱུང་བ་ལས་འདི་ཉིད་དེ་དག་གི་གྲས་ནས་གཅིག་ཡིན་ཞིང་། «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་»ལས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་སོགས་པཎྜི་ཏ་ཆེན་པོ་ལྔ་དང་། ལོ་ཙཱ་བ་སྐ་ཅོག་ཞང་གསུམ། རྨ་གཉགས་སོགས་ལོ་པཎ་མང་པོ་སྤྱན་དྲངས་ནས་རང་རང་གི་གོ་གནས་དང་མཐུན་པའི་གདན་ལ་བཞུགས་སུ་གསོལ་ཏེ། ཇ་ཆང་སོགས་འཇིག་རྟེན་གྱི་སྤྱན་གཟིགས་མང་པོ་དྲངས་ཤིང་ཕྱག་འཚལ་སྐོར་བ་བྱས་ནས་[89]“དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །དམ་པའི་ཆོས་ཀྱི་སྒྲོན་[90]མེ་སྤར་དུ་གསོལ། །དམ་པའི་[91]ཆོས་ཀྱི་ཆར་ཆེན་དབབ་ཏུ་[92]གསོལ། །དམ་པའི་91ཆོས་ཀྱི་རྔ་ཆེན་རྡུང་[93]དུ་གསོལ། །དམ་པའི་91ཆོས་ཀྱི་དུང་ཆེན་འབུད་དུ་གསོལ། །དམ་པའི་91ཆོས་ཀྱི་རྒྱལ་མཚན་སྒྲེང་[94]དུ་གསོལ། །”ཞེས་དམ་པའི་ཆོས་བསྒྱུར་བར་སྐུལ་མ་ཞུ་སའི་གྲས་སུ་ལོ་ཙཱ་བ་འདི་ཉིད་གཅིག་ཡིན། དེ་བཞིན་འདི་ཉིད་ཀྱིས་གཏེར་ནས་སྤྱན་དྲངས་པའི་«སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་ཆོས་འབྱུང་ནོར་བུའི་ཕྲེང་བ་»[95]ལས་ཀྱང་གསལ། «རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་»ལས།[96] “བཀའ་ལུང་རུ་ཚུགས་སུ་འཆད་པ་ནི། འགྱུར་དེ་ཚོ་ལ་མངའ་བརྙེས་པའི་ལོ་ཙཱ་བ་ནི། རྨ་རིན་ཆེན་མཆོག གཉགས་ཛྙཱ་ན་ཀུ་མཱ་[97]རའོ། །”ཞེས་འགྱུར་ལ་མངའ་བརྙེས་པའི་གྲས་སུ་རྩི། དཔའ་བོ་གཙུག་ལག་ཕྲེང་བས།[98] “བཻ་རོ་ཙ་ན། ལྡན་མ་རྩེ་མང༌། ཁ་ཆེ་ཨཱ་ནནྟ་སྟེ་ལོ་ཙཱ་བ་རྒན་གསུམ། གཉགས་ཛྙཱ་ན་ཀུ་མ་[99]ར། འཁོན་[100]ཀླུའི་དབང་པོ། རྨ་རིན་ཆེན་མཆོག་སྟེ་བར་པ་གསུམ། སྐ་[101]བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སྟེ་གཞོན་གསུམ་སྟེ་ལོ་ཙཱ་བ་རབ་དགུ་དང་།” ཞེས་རབ་དགུའི་ནང་ཚན་དུ་གསུངས། «རྩོད་ཟློག་སེངྒེའི་ང་རོ་»ལས།[102] “འབྲིང་གསུམ་ནི། གཉགས་ཛྙཱ་ན་ཀུ་མཱ༌[103]ར། རྨ་རིན་ཆེན་མཆོག འཁོན་[104]ཀླུའི་དབང་པོ། འདི་གསུམ་གྱིས་འགྱུར་གྱི་རྩ་བདག་མཛད།” ཅེས་འགྱུར་གྱི་རྩ་བའི་བདག་པོ་ཡིན་པར་གསུངས། གཡུང་སྟོན་རྡོ་རྗེ་དཔལ་ (1284–1365; BDRC: P1454) གྱིས་སྤྱི་ལོ་ [105] ལོར་མཛད་གྲུབ་པའི་«དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་»ལས།[106] “ཞུས་ཆེན་གྱི་ལོ་ཙཱ་བ་རྨ་རིན་ཆེན་མཆོག་གིས་བསྒྱུར་བ་ལས།” ཞེས་ཞུ་ཆེན་གྱི་ལོ་ཙཱ་བ་ཡིན་པར་གསུངས་ཤིང་། འཇམ་མགོན་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597–1659/60; BDRC: P791) ཀྱིས་སྤྱི་ལོ་ 1625[107] ལོར་མཛད་གྲུབ་པའི་«རྣལ་འབྱོར་རྒྱུད་ཀྱི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ཡོ་ག་བསྟན་པའི་སྒོ་འབྱེད་»ལས་«ངན་སོང་སྦྱོང་རྒྱུད་»ཀྱི་འགྱུར་ལ་[108]“རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་རིང་ལ་པཎྜི་ཏ་ཞི་བ་སྙིང་པོ་དང་། ལོ་ཙཱ་བ་བན་དེ་[109]དཔལ་བརྩེགས་ཀྱིས་བསྒྱུར་ཅིང་། དུས་ཕྱིས་རྒྱལ་པོ་ཁྲི་རལ་པ་ཅན་གྱི་རིང་ལ། རྨ་ལོ་ཙཱ་བ་རིན་ཆེན་མཆོག་གིས་སྐད་གསར་བཅད་དུ་བཅོས་ནས་གཏན་ལ་ཕབ་པ་འདི་ཉིད་འགྱུར་ལེགས་ཤིང་མཁས་པ་ཐམས་ཅད་ཀྱང་འགྱུར་འདི་ལ་ཚད་མར་བྱེད་དོ། །”ཞེས་གསར་རྙིང་གི་གཟུར་གནས་དྲན་དབང་དག་གིས་ཚད་མཐོའི་ལོ་ཙཱ་བར་ངོས་འཛིན་མཛད། ཁྱད་པར་དུ་ཀཿཐོག་པ་མཁས་གྲུབ་ཡེ་ཤེས་རྒྱལ་མཚན་ [110] གྱིས་མཛད་པའི་སྒྱུ་འཕྲུལ་ལམ་གྱི་རིམ་པའི་འགྲེལ་པ་མུ་ཏིག་ཕྲེང་བ་ལས། [111]“ལུང་རིགས་གསུང་གི་དབང་ཕྱུག་མངའ་བརྙེས་པའི། །ཕ་རོལ་སྨྲ་བའི་ལོག་རྟོག་ཚར་གཅོད་ཅིང་། །ཟབ་རྒྱས་ཆོས་ཀྱི་རྒྱ་མཚོ་སྒྱུར་[112]མཛད་པ། །ལོ་ཙཱ་[113]རིན་ཆེན་མཆོག་ལ་ཕྱག་འཚལ་ལོ། །”ཞེས་ཆེས་མཁས་པའི་ཡང་རྩེར་སོན་པ་དང་ཟབ་རྒྱས་ཆོས་ཚུལ་རྒྱ་མཚོ་ལྟ་བུར་སྒྱུར་བ་པོ་ཡིན་པར་ངོས་བཟུང་གི་སྒོ་ནས་བསྟོད་ཕྱག་ཀྱང་མཛད།
དྲུག་པ། བི་མ་ལ་མི་ཏྲ་སྤྱན་འདྲེན་ཚུལ་ལ་བསམ་པ།
འཕགས་ཡུལ་གྱི་པཎྜི་ཏ་ལྔ་བརྒྱའི་གཙུག་གི་རྒྱན་གཅིག་ཏུ་གྲགས་པ་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་ཉིད། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཁ་བ་ཅན་དུ་ཟབ་དོན་ཆོས་འཁོར་སྐོར་བའི་སླད་དུ་གསེར་ཕྱེ་དང་གསེར་གྱི་པ་ཏྲ་སོགས་བསྐུར་ཏེ་སྤྱན་འདྲེན་དུ་བོད་ཀྱི་ལོ་ཙཱ་བ་མངགས་པའི་གྲས་སུ། ཉང་རལ་ཉི་མ་འོད་ཟེར་གྱི་ཆོས་འབྱུང་སོགས་ལོ་རྒྱུས་ཁག་བཅུ་གཅིག་དང་། གཏེར་ཕྱོགས་བཀའ་ཐང་སྔ་བ་«པདྨའི་སྐྱེས་རབས་ནོར་བུའི་ཕྲེང་བ་»སོགས་བཀའ་ཐང་ཁག་བཞི་སྟེ་ཁྱོན་ལོ་རྒྱུས་ཆོས་འབྱུང་བཅོ་ལྔའི་ནང་དུ་རྨ་བན་ལོ་ཙཱ་བ་འདི་མངགས་ཚུལ་འཁོད་ཅིང་།[114] ཁྱད་པར་དུ་པཎྜི་ཏ་ལྔ་བརྒྱ་བཞུགས་པའི་དབུས་ནས་བི་མ་ལ་མི་ཏྲ་བཞེངས་ཏེ། “ཀ་ཀ་པ་རི་”ཞེས་གསུངས་པ་ལ་གོ་ལུགས་གསུམ་དུ་བྱུང་བ་ལས། “རྨ་རིན་ཆེན་མཆོག་གིས་གོ་བ་ལ༔ ཉག་ཐག་དག་ལ་བརྟེན་པའི་གྲུ༔ སྐྱེས་བུའི་སྐྱ་བས་སྩོལ་ཕོད་ན༔ གྲུས་ཀྱང་ཆུ་ལས་སྒྲོལ་བར་ནུས༔ ཞེས་གསུངས་ཏེ་བཞུད་པར་གོ༔” ཞེས་«པདྨའི་སྐྱེས་རབས་ནོར་བུའི་ཕྲེང་བ་»[115]རུ་གསལ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་«ལོ་རྒྱུས་རིན་པོ་ཆེའི་ཕྲེང་བ་»ལས།[116] “རྒྱལ་པོ་ཁྱོད་ཀྱིས་གཏོང་ཕོད་ན། །ལུས་ཀྱི་བུམ་པ་གར་འདྲིལ་བར། །སེམས་ཀྱི་ཆུ་བོ་དེ་རུ་འབོ། །”ཞེས་གསུངས་ཚུལ་མི་འདྲ་བ་ཅུང་རེ་སྣང་། སྤྱིར་པཎ་ཆེན་གདན་འདྲེན་པ་པོ་ལ་བཤད་ཚུལ་ཐ་དད་པ་མང་བས་འདི་རེད་ཅེས་མཐའ་གཅིག་ཏུ་སྨྲ་མ་བཏུབ་ཀྱང་། འདི་ཉིད་ཡིན་པ་གོང་གསལ་ལྟར་ལོ་རྒྱུས་རིན་ཐང་ཅན་མང་པོས་བཞེད་པས་རྒྱབ་ལྗོངས་ཀྱི་ལོ་རྒྱུས་བརྟན་སྙམ།
བདུན་པ། བསྟན་བཅོས་མཛད་པའི་རིམ་པ་ལ་བསམ་པ།
སློབ་དཔོན་འདིས་མཛད་པའི་བསྟན་བཅོས་དེང་གི་ཆར་དངོས་སུ་མཇལ་བའི་ཡུལ་དུ་མ་གྱུར་ཀྱང་། བསྟན་འགྱུར་གྱི་དཀར་ཆག་དང་། བཀའ་མའི་དཀར་ཆག་སོགས་ལས་གསལ་ཚུལ་ལ་གཞིགས་ན་སྤྱིར་བསྟན་བཅོས་ཀྱི་མིང་ཙམ་མ་ཡིན་པར་མཚན་སྙན་ཆེ་བའང་མཛད་ཡོད་པ་ངེས་ཏེ། སེ་སྟོན་རིན་ཆེན་རྒྱལ་མཚན་ (b. 14th cent.; BDRC: P8343) གྱིས་མཛད་པའི་«རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྒྱུད་ཀྱི་འགྲེལ་བཤད་དང་སྒྲུབ་ཐབས་ཕྲ་མོའི་དཀར་ཆག་གསལ་བྱེད་སྣང་བ་»ཡི་རྒྱུད་ཀྱི་དངོས་པོ་བཅུ་ལས་རིམ་པ་བགྲོད་པ་དབང་གི་དོན་བསྟན་པའི་འགྲེལ་པ་ངོས་བཟུང་ཐད་དུ།[117] “ལོ་ཙཱ་བ་རྨ་རིན་ཆེན་མཆོག་གི་ངེས་འབྱེད་ཆེ་བ་རྣམས་ནི་དབང་བཅོ་བརྒྱད་སྤྱིའི་དགོངས་པ་ཡིན་ལ།” ཞེས་པ་བཞིན་ལོ་ཆེན་དྷརྨ་ཤྲཱི་ (1654–1717/18; BDRC: P667) ཡིས་[118]གསུངས། ཡང་སེ་སྟོན་གྱིས་[119] “བི་མ་ལའི་སྒྱུ་འཕྲུལ་དྲྭ་[120]བའི་ལམ་བཤད་པ་ཞེས་པ་[121]{རྨ་རིན་ཆེན་མཆོག་གིས་མཛད་ཟེར་བའང་སྣང་།}ལམ་རིམ་ཆུང་བ།” ཞེས་གསལ། མཆན་ལ་བལྟས་ན་རྨ་རིན་ཆེན་མཆོག་གིས་མཛད་ཡོད་པའི་གསུང་སྲོལ་ཞིག་ཀྱང་ཡོད་པར་མངོན། ཡང་དེ་ཉིད་ལས།[122] ལོ་ཙཱ་བ་ཆེན་པོ་རིན་ཆེན་མཆོག་གི་བཤད་ཐབས་བཅུ་པ་ལ་སོགས་པའོ། །”ཞེས་དང་། རྡོར་བྲག་རིག་འཛིན་པདྨ་ཕྲིན་ལས་ (1641–1717; BDRC: P657) ཀྱིས་སྤྱི་ལོ་ [123] ལོར་མཛད་གྲུབ་པའི་«འདུས་པ་མདོ་དབང་གི་བླ་མ་བརྒྱུད་པའི་རྣམ་ཐར་»ལས།[124] “རྒྱུད་ལ་བཤད་ཐབས་བཅུ་པ། མན་ངག་ཤེས་རབ་སྤྱན་འབྱེད་ཀྱི་འགྲེལ་པ་ལ་སོགས་པ་ཡང་མཛད་ཅེས་”སེ་སྟོན་རིན་ཆེན་རྒྱལ་ཚན་གྱིས་བཞེད་ཚུལ་གསུངས། «རྣལ་འབྱོར་རྒྱུད་ཀྱི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ཡོ་ག་བསྟན་པའི་སྒོ་འབྱེད་»ལས།[125] “ལོ་ཙཱ་བ་རྨ་རིན་ཆེན་མཆོག་གིས་སྦྱོང་རྒྱུད་ཀྱི་གསལ་སྦྱངས་ཞེས་པའམ། དྲིས་ལན་ནི་རྒོལ་བ་མིག་ཚར་ཞེས་པ་བོད་ཀྱིས་སྦྱར་བ་དང་།” ཞེས་«ངན་སོང་སྦྱོང་རྒྱུད་»ཀྱི་དྲིས་ལན་མཛད་ཡོད་ཚུལ་གསུངས། ཡང་ལོ་ཆེན་དྷརྨ་ཤྲཱིས་[126]“རྒྱུད་ཀྱི་འགྲེལ་སྐོར། རྨ་རིན་ཆེན་མཆོག་གི་བཤད་ཐབས་བཅུ་པ།”ཞེས་པ་ལྟར་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་«བསྟན་འགྱུར་དཀར་ཆག་»[127]ཏུའང་ངོས་འཛིན་བྱས།[128]
བརྒྱད་པ། བཀའ་བསྟན་བསྒྱུར་ཚུལ་ལ་བསམ་པ།
སྤྱིར་ལོ་ཙཱ་བ་འདི་ལ་འགྱུར་གྱི་སྐོར་ཆེས་མང་བ་ཡོད་སྲིད་ཀྱང་སྤུར་རྒྱལ་འུ་དུམ་བཙན་པོའམ་གླང་དར་མ་ (815–845[129]) ཡིས་བསྟན་པ་བསྣུབས་པའི་རྗེས། དུས་རབས་བཅུ་པའི་སྨད་ཙམ་ནས་སྔ་འགྱུར་རྙིང་མའི་མདོ་སྒྱུ་སེམས་གསུམ་རྒྱུད་ཡང་དག་མ་ཡིན་ཞེས་ཁ་ཟེར་མཁན་རྒྱུད་མར་བྱུང་བའི་རྐྱེན་གྱིས་བཅོམ་ལྡན་རིགས་པའི་རལ་གྲིའི་དཀར་ཆག་དང་། བུ་སྟོན་ཆོས་འབྱུང་སོགས་སུ་སྔ་འགྱུར་གྱི་རྒྱུད་དང་རྒྱུད་འགྲེལ་ཉུང་ཤས་ལས་མཚན་མ་བཀོད་པས་ད་ཡོད་བཀའ་བསྟན་དག་ཏུ་མང་ཆེ་བ་བཅུག་མེད་པ་བཞིན་ལོ་ཙཱ་འདི་ཉིད་ཀྱི་འགྱུར་ཡང་མ་ཆུད་པ་མང་ངེས་སྙམ། ཡང་སྔོན་དུས་བསྒྱུར་ཟིན་པ་གསར་མའི་ལོ་ཙཱ་བས་འགྱུར་བཅོས་བྱས་པ་མང་ལུགས་ལ་བལྟས་ན་སྔོན་གྱི་བཀའ་བསྟན་གྱི་འགྱུར་བྱང་ཇི་སྙེད་ཅིག་ལ་ཚད་ལས་འདས་པའི་འཕོ་འགྱུར་བྱུང་མི་སྲིད་པ་གཏན་ནས་མིན། དཔེ་ལོ་ཙཱ་བ་འདི་ཉིད་ལ་མཚོན་ན་བཀའ་དང་བསྟན་བཅོས་མང་པོ་བསྒྱུར་ཡོད་ཚུལ་ཆོས་འབྱུང་ལོ་རྒྱུས་ཁག་མང་པོར་གསུངས་ཏེ། «པདྨའི་སྐྱེས་རབས་ཆོས་འབྱུང་ནོར་བུའི་ཕྲེང་བ་»ལས།[130] “སློབ་དཔོན་ཀ་མ་ལ་ཤཱི་ལ་དང་རྨ་རིན་ཆེན་མཆོག་གཉིས་ཀྱིས་སྤང་སྐོང་ཕྱག་བརྒྱ་པ་ལ་སོགས་ཏེ༔ མདོ་སྡེ་རྒྱ་ནག་གི་འགྱུར་མང་པོ་བསྒྱུར་རོ༔” ཞེས་དང་། ཚལ་པ་ཀུན་དགའ་རྡོ་རྗེས་མཛད་པའི་«ཐུགས་དམ་བསྟན་འགྱུར་དཀར་ཆག་»ལས།[131] “ཐུགས་ཀྱི་ཐིགས་པ་སྒྱུ་འཕྲུལ་སྤྱི་གཅོད། སངས་རྒྱས་གསང་བ། བི་[132]མ་ལ་མི་ཏྲ། སྒེག་པ་རྡོ་རྗེ་གསུམ་གྱིས་མཛད་པ། རྨ་རིན་ཆེན་མཆོག་གི་འགྱུར།” ཞེས་དང་། ཀུན་མཁྱེན་ཆེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་«གཏེར་འབྱུང་རིན་པོ་ཆེའི་ལོ་རྒྱུས་»ལས།[133] “སྒྲ་བསྒྱུར་རྒྱ་གར་གྱི་གླིང་དུ་ཨུ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༌། སྤྲུལ་པའི་ལོ་ཙཱ་བཻ་རོ་ཙ་ན་དང༌། གཉགས་ཛྙཱ་ན་ཀུ་མཱ་ར། རྨ་རིན་ཆེན་མཆོག ཨཱ་ཙརྱ་ཡེ་ཤེས་དབྱངས། ལི་བྱི་ཀྱི་ཆུང་[134]རྣམས་ཀྱིས་བསྒྱུར་ཞིང༌། ལྡན་མ་རྩེ་མང༌། འགོས་འུམ་གྲུ་བྱིན་པདྨ་རྩེ་མོ་ལ་སོགས་པས་ཡི་གེ་པ་བགྱིས་ཏེ་གཏན་ལ་ཕབ་པ་ལ་ཐོག་མར་ཐུབ་པ་རྒྱུད་ཀྱི་ཐེག་པ་རྣམས་བསྒྱུར་ཏེ།” ཞེས་རྒྱུད་སྡེ་ཕྱི་ནང་གི་རྒྱུད་སྡེ་མང་པོ་བསྒྱུར་ཚུལ་གསུངས། དེ་བཞིན་དེ་ཉིད་ཀྱིས་མཛད་པའི་«གྲུབ་མཐའ་རིན་པོ་ཆེ་མཛོད་»[135]ལས་ཀྱང་གསུངས། «ཆོས་འབྱུང་མཁས་པའི་དགའ་སྟོན་»ལས།[136] “བི་[137]མ་ལ་བོད་དུ་བྱོན་ཏེ་གཉགས་[138]ཛྙཱ་ནས་མདོ་དང་སེམས་ཕྱོགས་བསྒྱུར། རྨ་རིན་ཆེན་མཆོག་གིས་མཚན་ཉིད་དང་སྒྱུ་འཕྲུལ་བསྒྱུར། དེ་ཡང་ཐམས་ཅད་རང་སྣང་དུ་སྟོན་པ་རྒྱུད་གསང་བ་སྙིང་པོ། རོལ་པ་མངོན་པར་བརྗོད་པ་ལྷ་མོ་སྒྱུ་འཕྲུལ། དཀྱིལ་འཁོར་སྟོན་པ་སྒྱུ་འཕྲུལ་བརྒྱད་པ། ཕྲིན་[139]ལས་སྟོན་པ་སྒྱུ་འཕྲུལ་བཞི་བཅུ་པ། དབང་གཙོ་བོར་སྟོན་པ་སྒྱུ་འཕྲུལ་བླ་མ། ཡོན་ཏན་མཐར་ཕྱིན་པར་སྟོན་པ་སྒྱུ་འཕྲུལ་བརྒྱད་ཅུ་[140]པ། སྡེ་སྣོད་ཡོངས་ལ་ཁྱབ་པར་སྟོན་པ་སྒྱུ་འཕྲུལ་དྲྭ་བ་ཆེན་པོ། དམ་ཚིག་གཙོ་བོར་སྟོན་པ་སྒྱུ་འཕྲུལ་ལེ་ལག་སྟེ་སྒྱུ་འཕྲུལ་སྡེ་བརྒྱད། གྲོལ་ལམ་རིམ་གྱིས་སྟོན་པ་ཡེ་ཤེས་སྙིང་པོ། ཅིག་ཅར་[141]སྟོན་པ་རྡོ་རྗེ་མེ་ལོང༌། ཐབས་ལམ་རིམ་གྱིས་སྟོན་པ་རྡོ་རྗེ་ཐལ་བ། ཅིག་ཅར་སྟོན་པ་རྡོ་རྗེ་རྒྱ་མཚོ་སྟེ་བཤད་རྒྱུད་སྡེ་བཞི་ཞེས་བྱའོ། །”ཞེས་དང་། རྡོར་བྲག་རིག་འཛིན་པདྨ་ཕྲིན་ལས་ཀྱིས་[142]“སྒྱུ་འཕྲུལ་གསང་བའི་སྙིང་པོའི་ཁོག་དབུབ་སོགས་སྤྱི་ལྟར་ན་སྒྱུ་འཕྲུལ་སྡེ་བརྒྱད། བཤད་རྒྱུད་སྡེ་བཞི་སོགས་རྨ་རིན་ཆེན་[143]མཆོག་ཁོ་ནས་བསྒྱུར་བར་བཞེད་ཅིང༌། སེ་སྟོན་རིན་ཆེན་137རྒྱལ་མཚན་གྱིས་མཛད་པའི་གསང་སྙིང་བླ་བརྒྱུད་གསོལ་འདེབས་ཀྱི་འགྲེལ་པར། རྨ་རིན་ཆེན་[144]མཆོག་གིས་བི་མ་ལའི་ལོ་ཙཱ་མཛད་དེ་སྒྱུ་འཕྲུལ་སྡེ་བརྒྱད་བཤད་རྒྱུད་སྡེ་བཞི་དང་[145]བཅས་པ་ནོས་ཤིང་བསྒྱུར་ཏེ་སྤེལ། རྒྱུད་ལ་བཤད་ཐབས་བཅུ་པ། མན་ངག་ཤེས་རབ་སྤྱན་འབྱེད་ཀྱི་འགྲེལ་པ་ལ་སོགས་པ་ཡང་མཛད་ཅེས་གསུངས་པས་ན། མ་ཧཱ་ཡོ་གའི་ལོ་ཙཱ་ཕལ་ཆེར་རྨ་རིན་ཆེན་མཆོག་ཡིན་པར་འདོད།”ཅེས་སོགས་ཚད་ལྡན་ལོ་རྒྱུས་དག་ཏུ་གསལ་ནའང་བཀའ་བསྟན་དང་དེ་དག་གི་དཀར་ཆག་ཏུ་ཟུར་ཆ་ཙམ་རེ་ལས་འཁོད་མེད་པས་ཕྱིས་སུ་དེ་དག་ལ་འཕོ་འགྱུར་སོང་ཡོད་པ་དངོས་སུ་མཚོན་ཐུབ།
དེས་ན་ཁོ་བོས་མཇལ་ཚོད་ལྟར་ན་ད་ཡོད་བཀའ་བསྟན་དང་རྒྱུད་འབུམ་ཁག་ཏུ་བཞུགས་པའི་ལོ་ཙཱ་བ་འདིས་བསྒྱུར་བའི་བཀའ་རུ་གཏོགས་པ་ལྔ་དང་བསྟན་བཅོས་སུ་གཏོགས་པ་དགུ་བྱུང་བས་འདི་དག་མཚན་ཙམ་སྨོས་ན།
བཀའ་འགྱུར། | |
ཨང་། | གཞུང་གི་མཚན། |
1 | ཆེད་དུ་བརྗོད་པའི་ཚོམས་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྡུས་པ། |
2 | གཙུག་ཏོར་དྲི་མ་མེད་པ་སྐུ་གཟུགས་མངོན་པར་བསྟན་པའི་རྒྱུད། ལེའུ་བཅུ་གསུམ། |
3 | གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ། ལེའུ་ཉི་ཤུ་རྩ་གཉིས། |
4 | རྒྱས་པ་ཆེན་པོའི་རྒྱུད་ཕྱི་ཏ་དོན་འཛིན་པ། ལེའུ་མེད་པ། |
5 | སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། ལེའུ་བཅུ། |
བསྟན་འགྱུར། | |
1 | ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པ་སློབ་དཔོན་བདེ་བྱེད་བདག་པོས་མཛད་པ། |
2 | ཁྱད་པར་དུ་འཕགས་པའི་བསྟོད་པ་སློབ་དཔོན་མཐོ་བཙུན་གྲུབ་རྗེས་མཛད་པ། |
3 | ཡོན་ཏན་མཐའ་ཡས་པར་བསྟོད་པ་སློབ་དཔོན་དཀོན་མཆོག་འབངས་ཀྱིས་མཛད་པ། |
| ཡོན་ཏན་མཐའ་ཡས་པར་བསྟོད་པའི་དོན་གྱི་ཚིག་ལེའུར་བྱས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། |
5 | རྒྱལ་པོ་ཀ་ནི་ཀ་ལ་སྤྲིངས་པ་སློབ་དཔོན་དཔའ་བོས་མཛད་པ། |
6 | དཀྱིལ་འཁོར་ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་ཆོ་ག་ལྔ་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཀུ་ཀུ་རཱ་ཛས་མཛད་པ། |
7 | དཔལ་ཧེ་རུ་ཀ་ཞེས་བྱ་བའི་སྒྲུབ་པའི་ཐབས་སློབ་དཔོན་ཆེན་པོ་ཧཱུཾ་གི་ཞལ་སྔ་ནས་མཛད་པ། |
8 | ཡན་ལག་བཞིའི་དོན་སྣང་བར་བྱེད་པ་ཧཱུཾ་མཛད་གྲགས་པས་མཛད་པ། |
9 | གཏོར་མའི་འགྲེལ་པ་སློབ་དཔོན་ཆེན་པོ་བནྡེ་ཛྙཱ་ནས་མཛད་པ། |
དགུ་པ། གསར་མའི་མཁས་པའི་ལྟ་ཚུལ།
དུས་རབས་བཅུ་པ་ལོ་ཆེན་རིན་ཆེན་བཟང་པོ་ (958–1055; BDRC: P753) བྱོན་པའི་དུས་ཙམ་ནས་གསང་སྔགས་གསར་མའི་བསྟན་པ་དར་འགོ་ཚུགས། སྐབས་དེ་ཙམ་ནས་སྔ་འགྱུར་རྙིང་མའི་བསྟན་པ་མ་དག་པ་ཆོས་ལོག་དྲི་མ་ཅན་དུ་བལྟས་ཤིང་དེར་འཛིན་གྱི་སྐྱེས་བུ་དམ་པ་མང་པོ་ལ་ངན་སྨད་བྱས་པ་བཞིན། ལོ་ཙཱ་བ་ཆེན་པོ་འདི་ཉིད་ལའང་འགོས་ཁུག་པ་ལྷས་བཙས་ (11th cent. BDRC: P3458) ཀྱི་«སྔགས་ལོག་སུན་འབྱིན་»ལས།[146] “དུས་ཕྱིས་རིན་ཆེན་མཆོག་གིས་གསང་བ་སྙིང་པོ་བརྩམས། དེའི་ཁ་སྐོང་སྒྱུ་འཕྲུལ་ལེ་ལག་[147]སོགས་པ་བརྩམས་པ་རྒྱལ་བློན་རྣམས་ཀྱིས་རིག་ནས་ཚིག་ཕར་གཅོད་ཚུར་གཅོད་བྱས་པ་ལས། དེ་ལས་བཀའ་བཅད་དམ་པོ་བྱས་ཏེ་ལོ་བཅུ་གཉིས་ལ་མ་རྙེད་དེ་ཕྱིས་གཙང་གི་ཉང་རོང་དུ་ཤིའོ། །ཕྱིས་ལ་བརྟེན་ནས་ཟུར་ཆེན་ཟུར་ཆུང་གིས་གསང་བ་སྙིང་པོའི་འགྲེལ་པ་དཀྱིལ་འཁོར་གྱི་ཆོ་ག་སྒྲུབ་ཐབས་མང་དུ་བརྩམས། སྒྱུ་འཕྲུལ་གྱི་ཆོས་དེ་རྣམས་ཆོས་ལོག་དྲི་མ་ཅན་ཡིན་ནོ། །”ཞེས་ལོ་ཙཱ་བ་འདིས་བརྩམས་པར་བཤད། དབུ་རུ་འབྲི་གུང་དཔལ་འཛིན་བཟང་པོ་ (ca. 14th–15;th cent. BDRC: P4CZ75592) ཡིས་མཛད་པའི་«ཆོས་དང་ཆོས་མ་ཡིན་པ་རྣམ་པར་དབྱེ་བའི་རབ་ཏུ་བྱེད་པ༌»རུ།[148] “རྨ་བན་རིན་ཆེན་མཆོག་ཅེས༌[149]བྱས། །གསང་བ་སྙིང་པོའི་རྒྱུད་བརྩམས་པས། །རྒྱལ་པོས་གསན་ནས་བཙལ་[150]བའི་ཚེ། །ལོ་གྲངས་བཅུ་གཉིས་གབ་ཅེས་གྲགས། །”ཞེས་འདི་གཉིས་ཀྱིས་སྒྱུ་འཕྲུལ་«གསང་བའི་སྙིང་པོ་»བརྩམས་ཡོད་ཚུལ་བཤད་པ་ཙམ་ལས་སྒྲུབ་བྱེད་དམིགས་སུ་མི་མངོན། འདི་ལ་འབྲུག་པ་ཀུན་མཁྱེན་པདྨ་དཀར་པོ་ (1527–1592; BDCR: P825) ཡིས་མཛད་པའི་«ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད༌»ལས།[151] “རྨ་རིན་ཆེན་མཆོག གཉགས༌[152]ཛྙཱ་ན་ཀུ་མཱ་ར། གནུབས༌[153]སངས་རྒྱས་ཡེ་ཤེས་གསུམ་ལས་བཀའ་མ་ཤས་ཆེར་བྱུང་བས། འགོས་ཀྱིས་རྙིང་མ་ཁོང་གསུམ་གྱི་བརྩམས་ཆོས་ཡིན་ཟེར་བ་འདི་བྱུང་བ་ཡིན།” ཞེས་གསུངས་པ་སོགས་དགག་སྒྲུབ་བྱས་ཚུལ་གྱི་སྤྲོས་པ་མང་ཡང་ཁོ་བོས་གཞན་[154]དུ་སྨོས་ཟིན་པས་འདིར་མ་སྤྲོས།
བཅུ་པ། ཧྭ་ཤང་དང་རྩོད་ཚུལ་ལ་བསམ་པ།
འདི་ཆོས་འབྱུང་རྙིང་པ་དག་ཏུ་རྒྱའི་ཧྭ་ཤང་དང་རྩོད་པའི་ལོ་རྒྱུས་མ་མཇལ་ཡང་། «རོང་སྟོན་རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ་»ལས།[155] “ལྟ་བ་ཀླུ་སྒྲུབ་ཀྱི་ལུགས་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད། རྒྱ་ནག་མཁན་པོའི་ལུགས་ཀྱི་ལྟ་བ་སུན་ཕྱུང་།” ཞེས་དང་། དེ་བཞིན་«གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་»[156]ལས། ལྟ་བ་ཀླུ་སྒྲུབ་ཀྱི་དགོངས་པ་བཞིན་རྟོགས་པས་ཧྭ་ཤང་སུན་ཕྱུང་བར་ཡང་མཛད་ཚུལ་གསུངས། དར་ཐང་རིན་པོ་ཆེས།[157] སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་ལུགས་སྒྱུར་བ་པོ་ཡིན་ཞིང་རྒྱའི་ཧྭ་ཤང་དང་ལྷན་ལོ་རྒྱུས་དང་ལྡན་པའི་བསམ་ཡས་རྩོད་པའི་ (ca. 792–794) གྲས་སུ་ཞུགས་ཞེས་གསུངས་ཀྱང་ཁུངས་མ་རྙེད། དེས་ན་པཎ་ཆེན་ཤཱཀ་མཆོག་དང་ཀོང་སྤྲུལ་རིན་པོ་ཆེ་རྣམ་གཉིས་ཤེས་བྱ་རབ་འབྱམས་ལ་མཁྱེན་རྒྱ་ཡངས་པས་ལོ་རྒྱུས་ངེས་ཅན་ཞིག་གཟིགས་ཏེ་གསུངས་པ་ཡིན་སྲིད། འོན་ཀྱང་དེང་གི་ཞིབ་འཇུག་པ་ཚོས་ཧྭ་ཤང་གི་ལྟ་བ་དང་འབྲེལ་བའི་དཔྱད་རྩོམ་མང་ཞིང་ཁྱད་པར་དུ་བསམ་ཡས་རྩོད་པའི་སྐོར་ཕྱི་ནང་གི་མཁས་དབང་ཚོས་ཞིབ་འཇུག་གི་དེབ་ཐེར་མཇལ་རྒྱུ་ཡོད་ཀྱང་ལོ་ཙཱ་བ་འདི་ཉིད་ཐོག་མཐའ་བར་གསུམ་དུ་འབྲེལ་བ་ཡོད་པའི་ལོ་རྒྱུས་མི་མངོན་པས་གོང་དུ་བསམ་ཡས་རྩོད་པའི་གྲས་སུ་ཞུགས་ཚུལ་གསུངས་པར་དཔྱད་པ་ནན་གྱིས་བྱ་རིགས།
བཅུ་གཅིག ཐུན་མིན་རྫུ་འཕྲུལ་ལ་བསམ་པ།
ཡང་རྗེ་འདི་ཉིད་ཨོ་རྒྱན་ཆེན་པོའི་སློབ་ཆེན་རྗེ་འབངས་ཉི་ཤུ་རྩ་ལྔ་བྱུང་བའི་གྲས་ཤིག་ཡིན་ཞིང་། རྗེ་འབངས་དེ་དག་ལ་ཐུན་མིན་གྲུབ་པའི་རྟགས་མཚན་རེ་རེ་ཡོད་ཚུལ་དེ་དག་གི་གསོལ་འདེབས་དང་རྣམ་ཐར་རྣམས་སུ་གསལ་བ་ལྟར་རྗེ་འདི་ཉིད་ལའང་ཡོད་ཚུལ་ནི། རྩེ་ལེ་རྒོད་ཚང་པ་སྣ་ཚོགས་རང་གྲོལ་ (1608–1605; BDRC: P1687) གྱིས་མཛད་པའི་«བྱིན་རླབས་དམ་རྫས་ཀྱི་དཀར་ཆག་སྟོང་ཐུན་ངེས་ཤེས་འདྲེན་བྱེད་»ལས།[158] “རྨ་རིན་ཆེན་མཆོག་གིས་ཕ་བོང་[159]ཟན་ལྟར་བརྫིས་ནས་གསོལ་བའི་གསོལ་རས།” ཞེས་དང་། སི་ཏུ་ཉིན་བྱེད་དབང་པོ་ (1774 –1853; BDRC: P559) ཡིས་མཛད་པའི་“ཨོ་རྒྱན་རིན་པོ་ཆེ་རྗེ་འབངས་ཉེར་ལྔའི་ལས་བྱང་དངོས་གྲུབ་སྤྲིན་ཕྲེང་བྱིན་རླབས་ཆར་འབེབས་»ལས།[160] ”རྨ་ཐོག་རིན་ཆེན་ཕ་བོང་[161]ཟན་ལྟར་གསོལ། །”ཞེས་དང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (1820–1892; BDRC: P258) ཡིས་མཛད་པའི་«ཨོ་རྒྱན་རྗེ་འབངས་ཉེར་ལྔ་ལ་གསོལ་བ་འདེབས་པའི་ཚུལ་ཕན་བདེའི་ནོར་བུའི་དོ་ཤལ་»ལས།[162] “དཔལ་ལྡན་ནཱ་གཱརྫུ་ནའི་[163]དགོངས་པ་ལྟར། །མཐའ་བྲལ་དབུ་མའི་ལྟ་བ་མངོན་གྱུར་ཅིང་། །རྫུ་འཕྲུལ་ཕ་བོང་[164]ཟན་ལྟར་བཅད་ནས་གསོལ། །རྨ་བན་རིན་ཆེན་ཞབས་ལ་གསོལ་བ་འདེབས། །”ཞེས་དང་། «དབུས་གཙང་གནས་ཡིག་»ལས།[165] “རྨ་ཐོག་རིན་ཆེན་གྱིས་རྡོ་ཕ་བོང་[166]ཟན་ལྟར་གསོལ་བའི་ཕྱག་རྗེས་སོར་རྗེས།” ཞེས་པ་སོགས་གསོལ་འདེབས་དང་ལོ་རྒྱུས་དག་ཏུ་སློབ་དཔོན་འདིས་ཨོ་རྒྱན་ཆེན་པོ་བླ་མ་བསྟེན་པས་གྲུབ་པའི་རྟགས་མཚན་དུ་སྲ་ཞིང་མཁྲེགས་པའི་རྡོ་ཕ་བོང་བཅད་པ་དང་། བརྫིས་པ། གསོལ་ཚུལ་ནི་ལོ་ཙཱ་བ་འདི་ཉིད་ཀྱི་ཐུན་མིན་གྲུབ་པའི་རྟགས་མཚན་ལ་ངོས་འཛིན་ཡོངས་སུ་གྲགས།[167]
བཅུ་གཉིས། གཤེགས་པའི་དུས་ལ་བསམ་པ།
སྤྱིར་ལོ་ཙཱ་བ་འདི་ཉིད་ལོ་རྒྱུས་དག་ཏུ་སྐུ་གཤེགས་ཚུལ་ལ་རྒྱལ་པོའི་ཆད་པས་འཇིགས་པས་ལོ་བཅུ་གཉིས་ལ་གབ་སྟེ་གཙང་གི་ཉང་རོང་དུ་ཤི་ཞེས་གོང་གི་འགོས་ཁུག་པ་ལྷས་བཙས་[168]དང་འབྲི་གུང་དཔལ་འཛིན་[169]གཉིས་ཀྱིས་བཤད། ཉང་རལ་ཉི་མ་འོད་ཟེར་གྱིས་གླང་དར་མས་ཉང་ཏིང་འཛིན་བཟང་པོ་བཀྲོངས་ཚེ།[170] “རྨ་རིན་ཆེན་མཆོག་བུད་མེད་དུ་བརྫུས་ནས་འུ་ཡུག་ཏུ༌[171]ཟླ་བ་དགུ་ཡིབ། སློབ་དཔོན་ལ་ཕྱག་རྒྱ་བསྟེན་[172]པ་ལ་སྙད་[173]བཏགས་ཏེ[174]། སྲོད་དུ་ཆུ་ཁ་གཅིག་ཏུ་བཀྲོངས།” ཞེས་སྐུ་བཀྲོངས་ཚུལ་གསུངས། «རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་»[175]ལས། ཉང་རལ་ཉི་མ་འོད་ཟེར་དང་ཕྱོགས་འདྲ་བ་གསུངས་ཀྱང་ཟླ་བ་དགུའི་རྗེས་ལས་འདས་པ་མ་ཚོར་ཚུལ་གསུངས་པ་ལས་བཀྲོངས་པའི་ལོ་རྒྱུས་མི་མངོན། གཞན་ཡང་སྔ་ཕྱིའི་ཆོས་འབྱུང་ལོ་རྒྱུས་མང་པོར་གླང་དར་མས་བཀྲོངས་ཚུལ་གསུངས། འོན་ཀྱང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་«ལོ་རྒྱུས་རིན་པོ་ཆེའི་ཕྲེང་བ་»ལས།[176] “མཚན་མོ་དབུ་རྩེའི་[177]བར་ཁང་དུ་གསང་བ་མཆོག་གི་རྒྱུད་ལུང་མན་ངག་རྣམས་རྒྱལ་སྲས་མུ་ནེ་བཙན་པོ། ཉང་སྐ་ཅོག་གཉིས་དང་ལྔ་ལ་གསུངས་སོ། །རྨ་ནི་དེ་དུས་འདས་པས་མེད་དོ། །”ཞེས་ཆོས་རྒྱལ་ཁྲི་སྲོང་མ་གཤེགས་སྔོན་རོལ་དུ་རྗེ་འདི་ཞིང་དུ་ཕེབས་ཟིན་ཚུལ་གསུངས། འདི་ལ་འདུས་པ་མདོ་དབང་གི་བླ་མ་བརྒྱུད་པའི་རྣམ་ཐར་»[178]དུ། ཀུན་མཁྱེན་གྱིས་དེ་ལྟར་བཞེད་ཀྱང་ལོ་ཙཱ་བ་འདིས་«གསང་སྙིང་ཁོག་དབུབ་»སོགས་སུ་སྒྱུ་འཕྲུལ་སྡེ་བརྒྱད། བཤད་རྒྱུད་སྡེ་བཞི་སོགས་བསྒྱུར་བར་བཞེད་ཅིང༌། དེ་བཞིན་སེ་སྟོན་རིན་ཆེན་རྒྱལ་མཚན་གྱིས་བི་མ་ལ་མི་ཏྲའི་ལོ་ཙཱ་བ་མཛད་དེ་སྒྱུ་འཕྲུལ་སྡེ་བརྒྱད་བཤད་རྒྱུད་སྡེ་བཞི་བཅས་ནོས་ཤིང་བསྒྱུར། སྤེལ་ཏེ་རྒྱུད་ལ་«བཤད་ཐབས་བཅུ་པ་»དང་། «མན་ངག་ཤེས་རབ་སྤྱན་འབྱེད་ཀྱི་འགྲེལ་པ་»མཛད་ཚུལ་སོགས་དྲངས་ཏེ་མི་འཐད་པའི་རྣམ་པ་ཟུར་ཙམ་བསྟན། «གཏེར་སྟོན་བརྒྱ་རྩའི་རྣམ་ཐར༌»[179]དུ་གླང་དར་མས་བསྟན་པ་བཤིག་སྐབས་རྗེ་འདི་ཉིད་ཁམས་སུ་ཕེབས་ཤིང་གཙུག་རུ་རིན་ཆེན་གཞོན་ནུ་རྗེས་སུ་བཟུང༌ཚུལ་ལས་གླང་དར་མས་བཀྲོངས་པའི་ལོ་རྒྱུས་མི་མངོན་ཡང་ཁུངས་གང་ལ་གཏུགས་མ་ངེས། གནུབས་ཆེན་སངས་རྒྱས་ཡེ་ཤེས་ (832–942; BDRC: P2885) ཀྱིས་མཛད་པའི་སྒོམ་གྱི་གནད་གསལ་བར་ཕྱེ་བ་བསམ་གཏན་མིག་སྒྲོན་ལས།[180] “མངའ་རིས་བོད་ཀྱི་རྒྱལ་ཁམས་སུ་ཡང་གྲངས་མེད་པར་རིག་འཛིན་དུ་གཤེགས་སོ། །ཇོ་བོ་{གཉགས་ཛྙཱ་ན}། ཞང་དྲུང་གིས་ཐུགས་[181]དམ་ལྷ་དང་བཀའ་མོལ་པ་མཛད། ལོ་ཙཱ་བ་རྨ་རིན་ཆེན་མཆོག་རབ་སྣང་ལ་གཤེགས་སྤྱོད།” ཅེས་སོགས་སྐྱེས་བུ་འགའི་མཚན་བཟུང་སྟེ་རིག་འཛིན་གྱི་སའམ་སྐུ་གཤེགས་ཚུལ་གསུངས་པའི་ནང་དུ་ལོ་ཙཱ་བ་འདི་གཤེགས་ཚུལ་གསལ་བས་གནུབས་ཀྱིས་གཞུང་འདི་མཛད་སྐབས་སྐུ་བཞུགས་མེད་པ་གསལ་བར་གྲུབ། དེ་ལྟར་གཞུང་འདི་དང་ལོ་རྒྱུས་སྔ་ཕྱི་ཁག བཀའ་བསྟན་གྱི་འགྱུར། གསར་རྙིང་གི་དགག་སྒྲུབ་ཡིག་ཆ་དག་གིས་བཤད་ཚུལ་རྣམས་ལ་ཞིབ་ཏུ་བསམ་ན་གླང་དར་མའི་དུས་སུ་གཤེགས་པར་འཐད་ཆེ་བ་མངོན་པས་མཁྱེན་སྤྱན་ཡངས་པ་དག་གི་དཔྱད་གཞིར་གྱུར།
བཅུ་གསུམ། སྐུ་སྐྱེ་ཕྱི་མ་ལ་བསམ་པ།
སྤྱིར་སྐྱེས་བུ་དམ་པ་དག་སྔོན་གྱི་གནས་བརྟན་བཅུ་དྲུག་དང་། རྒྱ་གར་པཎ་གྲུབ། རྗེ་འབངས་ཉེར་ལྔ་སོགས་ཀྱི་སྐུ་སྐྱེའམ་སྤྲུལ་པར་གསུངས་ཚུལ་འབྱུང་བ་བཞིན། འདི་ཉིད་ཀྱི་སྐུའི་སྐྱེ་བ་ཀ῝ཐོག་པ་དམ་པ་བདེ་གཤེགས་ (1122–1192; BDRC: P1314) དང་། ས་སྐྱ་པའི་རོང་སྟོན་ཤེས་བྱ་ཀུན་རིག རིག་འཛིན་ཀློང་གསལ་སྙིང་པོ་ (1625–1692; BDRC: P1686) ཡིན་ཚུལ་ལོ་རྒྱུས་དག་ཏུ་འདི་ལྟར་འབྱུང་། དེའང་དཔའ་བོ་གཙུག་ལག་ཕྲེང་བ་ཡི་«ཆོས་འབྱུང་མཁས་པའི་དགའ་སྟོན་»ལས།[182] “དམ་པ་བདེ་གཤེགས་དེ་ནི་སྔོན་ཀྲ་ཀིའི་བུ་མོ་བདུན་གྱི་དང་པོ་དང༌། ལོ་ཙཱ་བ་རྨ་རིན་ཆེན་མཆོག་ལ་སོགས་པའི་སྐྱེ་བ་མང་དུ་དྲན།” ཞེས་དམ་པ་བདེ་གཤེགས་ཉིད་ཀྱིས་སྔོན་གནས་རྗེས་སུ་དྲན་ཚུལ་གསུངས། རྗེ་འདི་ནི་སྔ་འགྱུར་བའི་དགོན་ཆེན་དྲུག་ཏུ་གྲགས་པའི་ཡ་གྱལ་ཀ῝ཐོག་རྡོ་རྗེ་གདན་ཐོག་མར་ཕྱག་འདེབས་པ་པོ་གསར་རྙིང་གཉིས་ཀར་མཚན་སྙན་ཤིན་ཏུ་ཆེ་བའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཞིག་ཡིན། ཡང་“རོང་སྟོན་རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ་»ལས།[183] “དེའི་ཚེ་སློབ་དཔོན་དེས་ལུང་བསྟན་པར་མཛད་པ་ནི། ཇི་སྐད་དུ། དགོངས་འདུས་ལས། རིན་ཆེན་མཆོག་ཁྱོད་ཚེ་རབས་ལེགས་སྨོན་མཐུས། །དེང༌[184]སང་འདི་ཚུལ་མ་འོངས་སྙིགས་མ་སོགས། །རྒྱུད་ནས་བརྒྱུད་མར་སྙིང་རྗེས་ལུས་ལེན་པ། ། དུས་ཚིགས་དྲུག་ཅུ་ཁ་རལ་བབ་པའི་ཚེ། །རོང་སྟོན་ཆོས་ཀྱི་འབྱུང་གནས་ཞེས་བྱར་གྲགས། །འགྲོ་བའི་དོན་མཛད་རྒྱལ་བའི་བསྟན་པ་འཛིན། །གཙུག་ལག་རྟེན་གསོ་དགོངས་པ་མཁའ་ལྟར་ཁྱབ། །རྨད་དུ་བྱུང་བའི་བཤེས་གཉེན་དམ་པའོ། །”ཞེས་རོང་སྟོན་ཤེས་བྱ་ཀུན་རིག་ལོ་ཆེན་འདི་ཉིད་ཀྱི་སྐྱེ་བ་ཡིན་ཚུལ་གསལ་བར་ལུང་བསྟན་ཚུལ་གསུངས། རྗེ་འདི་ནི་དཔལ་ལྡན་ས་སྐྱ་པའི་གཡག་རོང་རྣམ་གཉིས་ཀྱི་ཡ་གྱལ་མཁས་པའི་གྲགས་པ་ཐོབ་པ། ཡངས་པ་ཅན་གྱི་དགོན་པ་ཕྱག་འདེབས་པ་པོ་དང་། སྐུ་ཚེ་དེ་ཉིད་ལ་བསྟན་བཅོས་བརྒྱ་དང་ཞེ་དྲུག་བརྩམས་པ་སོགས་མཛད་རྗེས་ཤིན་ཏུ་ཆེ་བ་གོང་གི་ལུང་བསྟན་དང་ཤིན་ཏུ་མཐུན་པ་བྱོན། «དབང་སྐུར་སྤྱི་ལ་འཇུག་པའི་མཚམས་སྦྱོར་ཉུང་ངུར་བསྡུས་པ་བློ་གསལ་ངག་གི་འདོད་འཇོ་»ལས།[185] “རྨ་རིན་ཆེན་མཆོག་ཟུང་དུ་འཇུག་པའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་ཀློང་གསལ་སྙིང་པོའམ་པདྨ་མདོ་སྔགས་གླིང་པ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེ་ཉིད་”ཅེས་གཏེར་སྟོན་བརྒྱ་རྩའི་ཡ་གྱལ་རིག་འཛིན་བདུད་ཀློང་གཉིས་ཞེས་གྲགས་པའི་ནང་ཚན་གཏེར་ཆེན་རིག་འཛིན་ཀློང་གསལ་སྙིང་པོ་རྗེ་འདི་ཉིད་ཀྱི་སྐུ་སྐྱེ་ཡིན་པར་བསྔགས་ཤིང་། གཏེར་ཆེན་དེ་ཉིད་ཀྱིས་ཀློང་གསལ་རྡོ་རྗེ་སྙིང་པོ་སོགས་ཟབ་ཆོས་གླེགས་བམ་བཅུ་གཉིས་དང་། སྐུ་རྟེན་དང་ཐུགས་རྟེན་དུ་མ་གཏེར་ནས་སྤྱན་དྲངས་ཤིང་འགྲོ་དོན་ཤིན་ཏུ་ཆེ་བའི་སྐྱེས་བུ་ཞིག་བྱོན་ནོ།།
སླར་སྨྲས་པ།
དེ་ལྟར་ལོ་རབས་བརྒྱ་ཕྲག་བཅུ་ཡི་སྔོན། །རྨད་བྱུང་མཁས་གྲུབ་དབུས་ན་ཉི་ཟླ་བཞིན།།
མཚན་གྱི་གྲགས་དཀར་སྙན་པའི་ལོ་ཙཱ་བ། །རིན་ཆེན་མཆོག་གི་མཛད་པའི་ཆ་ཤས་ཙམ།།
སྔ་ཕྱིའི་མཁས་པའི་ལོ་རྒྱུས་དཔྱད་གཞི་རུ། །བཟུང་སྟེ་སྒྲོ་སྐུར་རྒྱ་རུ་མ་ཚུད་པར།།
བླ་མེད་ས་ཡི་གྲངས་ལྡན་སྡེ་ཚན་དུ། །ཕྱེ་ནས་བཤད་པས་དོན་ལྡན་འགྱུར་སྲིད་སྙམ།།
ཞེས་རྨ་རིན་ཆེན་མཆོག་རྗེས་སུ་དྲན་པ་ཞེས་པ་འདི་ནི་འཕགས་ཡུལ་ལྷོ་ཕྱོགས་དགེ་བའི་གྲོང་དང་ཉེ་བའི་ཆར། ༸སྐྱབས་རྗེ་གྲུབ་པའི་དབང་ཕྱུག་པདྨ་ནོར་བུའི་ཐུགས་བསྐྱེད་བླ་ན་མེད་པའི་མཐུ་ལས་འཁྲུངས་པའི་གསང་ཆེན་སྔ་འགྱུར་རྙིང་མའི་ཆོས་སྡེ་ཆེན་མོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ། སྤྱི་ལོ་ ༢༠༢༡ ཟླ་ ༠༦ ཚེས་ ༠༣ ཉིན་ཆོས་འཕེལ་ནོར་བུར་འབོད་པས་གྲུབ་པར་བགྱིས་པས་ཀུན་ཏུ་བཀྲ་ཤིས་པར་གྱུར་ཅིག
ཁུངས་འདྲེན་ཡིག་ཆ།
བོད་ཡིག་ཏུ་བཞུགས་པའི་ཁུངས་འདྲེན་ཡིག་ཆ།
ཀ῝ཐོག་བཀའ་མ་ཁ་ | ཀ῝ཐོག་མཁན་པོ་འཇམ་དབྱངས་སོགས་ཀྱིས་ཕྱོགས་བསྒྲིགས་མཛད། བཀའ་མ་ཤིན་ཏུ་རྒྱས་པ་ 120 vols. ཁྲིན་ཏུའུ། ཀ῝ཐོག་མཁན་པོ་འཇམ་དབྱངས་སོགས། 1999 [BDRC: W25983]. |
ཀ῝ཐོག་བཀའ་མ་ག་ | ཚེ་རིང་རྒྱ་མཚོས་ཕྱོགས་བསྒྲིགས་མཛད། སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པ་ 133 vols. ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་ཚོགས། 2009 [BDRC: W1PD100944]. |
ཀློང་ཆེན་ཆོས་འབྱུང་ | རྒྱལ་སྲས་ཐུགས་མཆོག་རྩལ། ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་བསྟན་པ་གསལ་བར་བྱེད་པའི་ཉི་འོད་ ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991 [BDRC: W1KG13432]; Kb, vol. Pi. |
ཀློང་ཆེན་གསུང་འབུམ་ | ཀློང་ཆེན་རབ་འབྱམས། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ་ མེས་པོའི་ཤུལ་བཞག 106–131. 26 vols. པེ་ཅིན། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 2009 [BDRC: W1KG4884]. |
དཀར་ཆག་སྟོང་ཐུན་ | རྩེ་ལེ་སྣ་ཚོགས་རང་གྲོལ། བྱིན་རླབས་དམ་རྫས་ཀྱི་དཀར་ཆག་སྟོང་ཐུན་ངེས་ཤེས་འདྲེན་བྱེད་ In སྣ་ཚོགས་རང་གྲོལ་གྱི་གསུང་འབུམ་ A = 8 vols. སྒང་ཏོག མགོན་པོ་ཚེ་བརྟན། 1979, vol. Ca, pp. 345–375 [BDRC: W21018]; B = 8 vols. སྒང་ཏོག མགོན་པོ་ཚེ་བརྟན། 1979, vol. Ca, pp. 407–440 [BDRC: W21019]. |
དཀར་ཆག་དོ་ཤལ་ | ལོ་ཆེན་དྷརྨ་ཤྲཱི། གསང་ཆེན་བཀའ་མའི་བསྟན་བཅོས་རྣམས་ཀྱི་དཀར་ཆག་ནོར་བུའི་དོ་ཤལ་ A = In དྷརྨ་ཤྲཱིའི་གསུང་འབུམ་ 20 vols. Dehradun: D.G. & Khochen Tulku, 1999, vol. Pha, fols. 1–6b [BDRC: W9140]; Kc, vol. Po, pp. 1–11. |
བཀའ་མཆིམས་ཕུ་མ་ | གཙང་སྟོན་རྡོ་རྗེ་རྒྱལ་མཚན། རྩ་རྒྱུད་གསང་བ་སྙིང་པོའི་འགྲེལ་པ་ཉི་མའི་སྙིང་པོ༌ Kb, vol. Cu & Chu; Kc, vol. Yi & Ri. |
མཁས་པའི་དགའ་སྟོན་ | དཔའ་བོ་གཙུག་ལག་ཕྲེང་བ། དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན་ A = 2 vols. Delhi: ལྡི་ལི་ཀརྨ་པའི་ཆོས་སྡེ་རྒྱལ་བའི་གསུང་རབ་པར་སྐྲུན་ཁང་། 1980 [BDRC: W28792]; B = 2 vols. པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1986 [BDRC: W7499]. |
གུར་བཀྲའི་ཆོས་འབྱུང་ | གུ་རུ་བཀྲ་ཤིས། བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་ པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1990 [BDRC: W20916]. |
གྲུབ་མཐའ་མཛོད་ | ཀློང་ཆེན་རབ་འབྱམས། ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་པའི་མཐའ་རིན་པོ་ཆེའི་མཛོད་ A = In མཛོད་ཆེན་བདུན་ 7 vols. དཔལ་ཡུལ། ཨ་འཛོམས་ཆོས་སྒར། 199?], vol. 7, fols. 1a–256a [BDRC: W1PD8]; B = In ཀློང་ཆེན་གསུང་འབུམ་ vol. 15. |
རྒྱུད་དོན་གསལ་བྱེད་ | གཡུང་སྟོན་རྡོ་རྗེ་དཔལ། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ Kb, vol. Thu, pp. 5–589; Kc, vol. I, pp. 1–645. |
ལྔ་པའི་གསན་ཡིག་ | ངག་དབང་བློ་བཟང་རྒྱ་མཚོ། ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་གངྒཱའི་ཆུ་རྒྱུན་ ལྔ་པའི་གསུང་འབུམ་ 28 vols. པེ་ཅིན། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 2009, vol. 1–4 [BDRC: W1PD107937]. |
སྔགས་ལོག་སུན་འབྱིན་ | འགོས་ཁུག་པ་ལྷས་བཙས། སྔགས་ལོག་སུན་འབྱིན་ སྔགས་ལོག་སུན་འབྱིན་སྐོར་ ཐིམ་ཕུག ཀུན་བཟང་སྟོབས་རྒྱལ་དང་མ་ཎི་རྡོ་རྗེ། 1979, pp. 18–25 [BDRC: W23954]. |
རྗེ་འབངས་གསོལ་འདེབས་ | འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཨོ་རྒྱན་རྗེ་འབངས་ཉེར་ལྔ་ལ་གསོལ་བ་འདེབས་པའི་ཚུལ་ཕན་བདེའི་ནོར་བུའི་དོ་ཤལ་ A = In མཁྱེན་བརྩེའི་དབང་པོའི་གསུང་འབུམ་ 24 vols. སྒང་ཏོག མགོན་པོ་ཚེ་བརྟན། 1977–80, vol. Ka, pp. 266–271 [BDRC: W21807]; B = In ཚེ་རིང་བླ་མས་ཉར་ཚགས་མཛད་པའི་དཔེ་རྙིང་དཔེ་དཀོན་ [s.l.: s.n., n.d.], vol. 31, fols. 1a–5b [BDRC: W4PD1207]. |
ཉང་རལ་ཆོས་འབྱུང་ | ཉང་རལ་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ A = Meisezahl 1985; B = གངས་ཅན་རིག་མཛོད། 5 ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988 [BDRC: W7972]. |
གཏེར་བརྒྱའི་རྣམ་ཐར་ | ཀོང་སྤྲུལ་བློ་གྲོས་མཐའ་ཡས། ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པ་རིན་ཆེན་བེེཌཱུརྱའི་ཕྲེང་བ་ A = Tezu: Tibetan Nyingmapa Monastery, 1973, pp. 13–564 [BDRC: W20539]; B ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2007, pp. 18–264 [BDRC: W1PD83972]. |
གཏེར་འབྱུང་ལོ་རྒྱུས་ | ཀློང་ཆེན་རབ་འབྱམས། གཏེར་འབྱུང་རིན་པོ་ཆེའི་ལོ་རྒྱུས་ A = In སྙིང་ཐིག་ཡ་བཞི་ 13 vols. ལྡི་ལི། ཤེས་རབ་རྒྱལ་མཚན་བླ་མ། 1975, vol. 7, pp. 15–120 [BDRC: W12827]; B = ཀློང་ཆེན་གསུང་འབུམ་ vol. 6, pp. 318–388. |
བསྟན་རྒྱན་ཉི་འོད་ | བཅོམ་ལྡན་རིགས་པའི་རལ་གྲི། བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་ A = In རིགས་རལ་གསུང་འབུམ་vol. Ka. Pp. 96–257; B = In བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་ཐེངས་གསུམ་པ་ 30+1 vols ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009, vol. 1, fols. 1a–78 [BDCR: W1PD153536] |
དུང་དཀར་ཚིག་མཛོད་ | དུང་དཀར་བློ་བཟང་ཕྲིན་ལས། བོད་རིག་པའི་ཚིག་མཛོད་ཆེན་མོ་ཤེས་བྱ་རབ་གསལ༌ པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002 [BDRC: W26372]. |
དེབ་སྔོན་ | འགོས་ལོ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ་ A = New Delhi: International Academy of Indian Culture, 1974 [BDRC: W7494]; B = 2 vols. ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984 [BDRC: W1KG5762]. |
དེབ་སྔོན་གསར་མ་ | ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་གྲོལ་ པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1999, pp. 1–744 [BDRC: W00KG09980]. |
དེབ་དམར་ | ཚལ་པ་ཀུན་དགའ་རྡོ་རྗེ། དེབ་ཐེར་དམར་པོ་ A = སྒང་ཏོག རྣམ་རྒྱལ་བོད་རིག་པའི་མཐོ་སློབ། 1961 [BDRC: W16476]; B = In ཚལ་པའི་དེབ་དམར་ པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1981, pp. 1–152 [BDRC: W1KG5760]. |
ལྡེའུའི་ཆོས་འབྱུང་ | མཁས་པ་ལྡེའུ། རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་ གངས་ཅན་རིག་མཛོད། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987 [BDRC: W21784]; B = བོད་ཀྱི་གཙུག་ལག་གཅེས་བཏུས་པོད་ཕྲེང་། 32. Montreal: Institute of Tibetan Classics, 2013. |
ལྡེའུའི་ཆོས་འབྱུང་གི་གླེང་གཞི༌ | ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། ལྡེའུའི་ཆོས་འབྱུང་གི་གླེང་གཞི་ In རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་ གངས་ཅན་རིག་མཛོད། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987, pp. 1–9 [BDRC: W21784] |
སྡེ་དགེའི་བསྟན་དཀར་ | ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། ཀུན་མཁྱེན་ཉི་མའི་གཉེན་གྱི་བཀའ་ལུང་གི་དགོངས་དོན་རྣམ་པར་འགྲེལ་པའི་བསྟན་བཅོས་གངས་ཅན་པའི་སྐད་དུ་འགྱུར་རོ་འཚལ་གྱི་ཆོས་སྦྱིན་རྒྱུན་མི་འཆད་པའི་ངོ་མཚར་འཕྲུལ་གྱི་ཕྱི་མོ་རྫོགས་ལྡན་བསྐལ་བའི་བསོད་ནམས་ཀྱི་སྤྲིན་ཕུང་རྒྱས་པར་དཀྲིགས་པའི་ཚུལ་ལས་བརྩམས་པའི་གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པ་ D4569, vol. fols. 1b–503b [BDRC: W23703]. |
འདུས་མདོའི་བླ་བརྒྱུད་རྣམ་ཐར་ | རིག་འཛིན་པདྨ་ཕྲིན་ལས། འདུས་པ་མདོ་དབང་གི་བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་དད་པའི་ཕྲེང་བ་ A = Nemo, Leh: Sonam W. Tashigangpa, 1972, pp. 1–421 [BDRC: W21523]; Kb, vol. Phi. |
གནས་རྟེན་མཚན་བྱང་ | འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དབུས་གཙང་གི་གནས་རྟེན་རགས་རམ་གྱི་མཚན་བྱང་མདོར་བསྡུས་དད་པའི་ས་བོན་ A = In ས་སྐྱའི་ཆོས་འབྱུང་གཅེས་བསྡུས་ 6 vols. པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009, vol. 6, pp. 193–220 [BDRC: W1PD90704]: B = [s.l.: s.n., n.d.], fols. 1a–29a [BDRC: W8LS31207]. |
དཔལ་འཛིན་འབྱམས་ཡིག་ | འབྲི་གུང་དཔལ་འཛིན། ཆོས་དང་ཆོས་མ་ཡིན་པ་རྣམ་པར་དབྱེ་བའི་རབ་ཏུ་བྱེད་པ༌ [s.l.: s.n., n.d.] [BDRC: W1CZ885]. |
ཕྲ་མོའི་དཀར་ཆག་ | སེ་སྟོན་རིན་ཆེན་རྒྱལ་མཚན། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྒྱུད་ཀྱི་འགྲེལ་བཤད་དང་སྒྲུབ་ཐབས་ཕྲ་མོའི་དཀར་ཆག་གསལ་བྱེད་སྣང་བ་ Kb, Wu, pp. 5–20; B = In བླ་མ་ཉི་མ་འབུམ་གྱིས་ཉར་ཚགས་མཛད་པའི་དཔེ་རྙིང་དཔེ་དཀོན་ 38. Vols. [s.l.: s.n., n.d.], vol. 35, fols. 1–5b [BDRC: W4PD973]. |
འཕན་ཡུལ་ངོ་སྤྲོད་ | འཕན་ཡུལ་ལོ་རྒྱུས་རྩོམ་སྒྲིག་ཚོགས་ཆུང་། འཕན་ཡུལ་གྱི་ངོ་སྤྲོད་མདོར་བསྡུས་ Dharamsala དབུས་འཕན་པོའི་སྐྱིད་སྡུག 2016 [BDRC: W4CZ296093]. |
བི་མའི་མཛད་རྗེས་ཉུལ་བ་ | མཁན་པོ་ཆོས་འཕེལ་ནོར་བུ། མཁན་པོ་སྐལ་བཟང་དོན་གྲུབ། སློབ་ཨོ་རྒྱན་ཕུན་ཚོགས། སློབ་དཔོན་མ་པདྨ་ཆོས་སྐྱིད། བི་མ་ལ་མི་ཏྲའི་མཛད་རྗེས་ཉུལ་བ་ སྔ་འགྱུར་རྙིང་མའི་ཞིབ་འཇུག 6. Bylakuppe: སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་། འབྱུང་འགྱུར་གྱི་སྔ་འགྱུར་རྙིང་མའི་ཞིབ་འཇུག་གི་ཆེད་རྩོམ་དཔྱད་དེབ། |
བུ་སྟོན་ཆོས་འབྱུང་ | བུ་སྟོན་རིན་ཆེན་གྲུབ། བདེ་བར་གཤེགས་པའི་བསྟན་པའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད་ A = པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1988 [BDRC: W1923]; B = In ས་སྐྱའི་ཆོས་འབྱུང་གཅེས་བསྡུས་ 6 vols. པེ་ཅིན། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 2009, vol. 2, pp. 1–472 [BDRC: W1PD90704]. |
དབང་སྐུར་མཚམས་སྦྱོར་ | འཇམ་དབྱངས་མཁྱེན་བརྩེའི་དབང་པོ། སྔ་འགྱུར་རྡོ་རྗེ་ཐེག་པའི་དབང་བསྐུར་སྤྱི་ལ་འཇུག་པའི་མཚམས་སྦྱོར་ཉུང་ངུར་བསྡུས་པ་བློ་གསལ་ངག་གི་འདོད་འཇོ་ མཁྱེན་བརྩེའི་དབང་པོའི་གསུང་འབུམ་ 24 vols. སྒང་ཏོག མགོན་པོ་ཚེ་བརྟན། 1977–1980, vol. 14, pp. 1–25 [BDRC: W21807]. |
དབའ་བཞེད་ | སྦ་གསལ་སྣང་། དབའ་བཞེད་ In སྦ་བཞེད་ཕྱོགས་བསྒྲིགས་ པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2009, pp. 237–281 [BDRC: W1KG6259]. |
དབུས་གཙང་གནས་ཡིག་ | ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། གངས་ལྗོངས་དབུས་གཙང་གནས་སྐོར་ལམ་ཡིག་ནོར་བུ་ཟླ་ཤེལ་གྱི་སོ་དོ་ ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2001 [BDRC: W27524]. |
འབྲུག་པའི་ཆོས་འབྱུང་ | འབྲུག་པ་པདྨ་དཀར་པོ། ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ A = In པད་དཀར་གསུང་འབུམ་ 24 vols. Darjeeling: Kargyud Sungrab Nyamso Khang, 1973–74, vol. Kha [BDRC: W10736]; B = གངས་ཅན་རིག་མཛོད། 19 ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1992 [BDRC: W10437]. |
སྦ་བཞེད་ | སྦ་གསལ་སྣང་། སྦ་གསལ་སྣང་གི་བཞེད་པ་ པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1980–82 [BDRC: W20000]; B = In སྦ་བཞེད་ཕྱོགས་བསྒྲིགས་ པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2009, pp. 80–158 [BDRC: W1KG6259]. |
མྱང་ཡུལ་ལོ་རྒྱུས་ | ཏཱ་ར་ནཱ་ཐ། མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས་ ཏཱ་ར་ནཱ་ཐའི་གསུང་འབུམ་ A = 23 vols. འཛམ་ཐང་། འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་གི་པར་ཁང་། 1999, vol. ’A, fols. 1–134a [BDRC: W22276]; B = 45 vols. པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008, vol. 44, pp. 1–228 [BDRC: W1PD45495]. |
བཙན་པོའི་རྒྱལ་རབས་ | འབྲི་གུང་ཆེ་ཚང་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ། ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བ། བོད་བཙན་པོའི་རྒྱལ་རབས་ Dehradun: Songtsen Library, 2010, pp. 19–535 [BDRC: W1KG6149]. |
ཞབས་བཏགས་མ་ | སྦ་གསལ་སྣང་། བཙན་པོ་ཁྲི་སྲོང་ལྡེ་བཙན་དང་མཁན་པོ་སློབ་དཔོན་པདྨའི་དུས་མདོ་སྔགས་སོ་སོར་མཛད་པའི་སྦ་བཞེད་ཞབས་བཏགས་མ་ In སྦ་བཞེད་ཕྱོགས་བསྒྲིགས་ པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2009, pp. 1–79 [BDRC: W1KG6259]. |
ཟངས་གླིང་མ་ | ཉང་རལ་ཉི་མ་འོད་ཟེར། གཏེར་བྱོན། སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་ཆོས་འབྱུང་ནོར་བུའི་ཕྲེང་བ་ རིན་ཆེན་གཏེར་མཛོད་ A = 111 vols. སྤ་རོ། དངོས་གྲུབ་དང་ཤེས་རབ་དྲི་མེད། 1976–80, vol. 1, pp. 1–204 [BDRC: W20578]; B = 71 vols. New Delhi: Shechen Publications, 2007–2008, vol. 1, pp. 1–178 [BDRC: W1KG14]. |
ཡིད་ཀྱི་མུན་སེལ་ | ཀློང་ཆེན་རབ་འབྱམས། གསང་བ་སྙིང་པོའི་སྤྱི་དོན་ལེགས་པར་བཤད་པའི་སྣང་བས་ཡིད་ཀྱི་མུན་པ་ཐམས་ཅད་སེལ་བ་ In ཀློང་ཆེན་གསུང་འབུམ་ vol. 25, pp. 52–183. |
ཡོ་ག་སྒོ་འབྱེད་ | ངག་དབང་ཀུན་དགའ་བསོད་ནམས། རྣལ་འབྱོར་རྒྱུད་ཀྱི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ཡོ་ག་བསྟན་པའི་སྒོ་འབྱེད་ In ཨ་མེས་ཞབས་ཀྱི་གསུང་འབུམ་ 29 vols. བལ་ཡུལ། ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། 2000, vol. Ta, pp. 369–612 [BDRC: W29307]. |
རང་རྡོར་བསྟན་དཀར་ཀ་ | ཚལ་པ་ཀུན་དགའ་རྡོ་རྗེ། ཐུགས་དམ་བསྟན་འགྱུར་གྱི་དཀར་ཆག་ A = In རང་རྡོར་གསུང་འབུམ་ 16 vols. ཟི་ལིང་། མཚུར་ཕུ་མཁན་པོ་ལོ་ཡག་བཀྲ་ཤིས། 2006, vol. Nga, pp. 415–594 [BDRC: W30541]; B = In ཀརྨ་པ་རིམ་བྱོན་གསུང་འབུམ་ཕྱོགས་བསྒྲིགས་ 108 vols. ལྷ་ས། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཁང་ཞིབ་འཇུག་ཁང་། 2013, vol. Na, pp. 255–442 [BDRC: W3PD1288] |
རཏ་གླིང་ཆོས་འབྱུང་ | རཏྣ་གླིང་པ། ཆོས་འབྱུང་བསྟན་པའི་སྒྲོན་མེ་རྩོད་ཟློག་སེངྒེའི་ང་རོ་ ཞེ་ཆེན་མཁར་དམར་གསང་སྔགས་བསྟན་རྒྱས་གླིང་དུ་བཞུགས་པའི་དཔེ་དཀོན་ཕྱོགས་བསྡུས་གཉིས་པ་ |
རོག་གྲུབ་མཐའ་ | རོག་བན་དེ་ཤེས་རབ་འོད། བླ་མ་རོག་གི་བན་དེ་ཤེས་རབ་འོད་ཀྱིས་མཛད་པའི་གྲུབ་མཐའ་སོ་སོའི་བཞེད་གཞུང་གསལ་བར་སྟོན་པ་ཆོས་འབྱུང་གྲུབ་མཐའ་ཆེན་མོ་ A = Nemo, Leh: ཚུལ་ཁྲིམས་འཇམ་དབྱངས། 1977 [BDRC: W27610]; B = In ཤེལ་དཀར་ཆོས་འབྱུང་དང་བླ་མ་རོག་གི་བན་དེ་ཤེས་འོད་ཀྱིས་མཛད་པའི་གྲུབ་མཐའི་ཆོས་འབྱུང་ གངས་ཅན་རིག་མཛོད། 61. ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2006, pp. 240–354 [BDRC: W1KG16668]. |
རོང་སྟོན་རྣམ་ཐར་ | ཤཱཀྱ་མཆོག་ལྡན། རྗེ་བཙུན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ་ In ཤཱཀ་མཆོག་གསུང་འབུམ་ A = 24 vols. New Delhi: Ngawang Tobgyel, 1995, vol. Ma, pp. 289–377 [BDRC: W23200]; B = 24 vols. Kathmandu: Shechen International, Guru Lama, 2006, vol. Ma, pp. 341–426 [BDRC: W00EGS1016899]. |
ལས་བྱང་ཆར་འབེབས་ | སི་ཏུ་པདྨ་ཉིན་བྱེད་དབང་པོ། ཨོ་རྒྱན་རིན་པོ་ཆེ་རྗེ་འབངས་ཉེར་ལྔའི་ལས་བྱང་དངོས་གྲུབ་སྤྲིན་ཕྲེང་བྱིན་རླབས་ཆར་འབེབས་ In སི་ཏུ་ཉིན་བྱེད་དབང་པོའི་གསུང་འབུམ་ 3 vols. Bhattu, Kangra: དཔལ་སྤུངས་གསུང་རབས་ཉམས་གསོ་ཁང་། 2006, vol. Oṃ, pp. 235–250 [BDRC: W1KG4208]. |
ལོ་རྒྱུས་རིན་ཕྲེང་ | ཀུན་མཁྱེན་ཀློང་ཆེན་རབ་བྱམས། ལོ་རྒྱུས་རིན་པོ་ཆེའི་ཕྲེང་བ༌ A = In སྙིང་ཐིག་ཡ་བཞི་ 13 vols. ལྡི་ལི། ཤེས་རབ་རྒྱལ་མཚན་བླ་མ། 1975, vol. 1, pp. 84–134 [BDRC: W12827]; B = In ཀློང་ཆེན་གསུང་འབུམ་ vol. 9, pp. 1–42. |
གསང་སྙིང་ཞིབ་འཇུག་ | མཁན་ཆོས་འཕེལ་ནོར་བུ། གསང་སྙིང་ཞིབ་འཇུག་ སྔ་འགྱུར་རྙིང་མའི་ཞིབ་འཇུག Bylakuppe: སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་། ཁོ་བོའི་འབྱུང་འགྱུར་འབུམ་རམས་པའི་ཆེད་རྩོམ། |
གསེར་གྱི་ཤིང་རྟ་ | ལོ་ཆེན་དྷརྨ་ཤྲཱི། རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བའི་རྣམ་འགྲེལ་གསེར་གྱི་ཤིང་རྟ་ A = Dehradun: སྔ་འགྱུར་རིག་གཞུང་སློབ་གཉེར་ཁང་གི་ཡན་ལག་གསུང་རབ་རྒྱུན་སྤེལ་པར་ཁང་། 1972 [BDRC: W1KG22085]; B = In དྷརྨ་ཤྲཱིའི་གསུང་འབུམ་ 20 vols. Dehradun: D.G. & Khochen Tulku, 1999, vol. Nga, fols. 1a–330a [BDRC: W9140]. |
བསམ་གཏན་མིག་སྒྲོན་ | གནུབས་ཆེན་སངས་རྒྱས་ཡེ་ཤེས། སྒོམ་གྱི་གནད་གསལ་བར་ཕྱེ་བ་བསམ་གཏན་མིག་སྒྲོན་ |
[23] ཡང་ A, ཡ་ B
[24] གཙང་དེ་བེནྡྲ་ A, རྩངས་དེ་བེན་ཏ་ B
[25] ཁེནྡྲ་ A, ཁེན་ཏ་ B
[26] གེནྡྲ་ A, གིན་ཨི་ན་ཏྲ་ B
[27] དེ་ A དྷེ་ B
[28] བསྟན་རྒྱན་ཉི་འོད་ (A, p. 103.3–4; B, fol. 5b2–3).
[29] དེ་ A དྷེ་ B
[30] ཤཱི་ A, ཤི་ B
[31] སྐ་ em., ཀ་ AB
[32] རོ་ em., གྲུ་ A ཀྲུ་ B
[33] Martin 1997: no. 40.
[34] རོག་གྲུབ་མཐའ་ (A, p. 109.4–6; B, pp. 292.20–293.1).
[35] གཉགས་ཛྙཱ་ སྨྱགས་ཛྙ་ B
[36] སྐ་ em ཀ་
[37] བརྩེགས་ em རྩེགས་
[38] ཅོག་ em ལྕོག་
[39] དེ་ B, དྷེ་ A
[40] Martin 1997: no. 168.
[41] མཁས་པའི་དགའ་སྟོན་ (A, vol. 1, p. 399.3–4; B, p. 402.16–19).
[42] ཛྙཱ་ན་ཀུ་མཱ་ em ཛྙ་ན་ཀུ་མ་ AB
[43] འཁོན་ B, ཁོན་ A
[44] སྐ་ em., ཀ་ AB
[45] Martin 1997: no. 138.
[46] རཏ་གླིང་ཆོས་འབྱུང་ (A, p. 97.1–2; B, fols. 39b6–40a1).
[47] གཉགས་ཛྙཱ་ན་ཀུ་མཱ་ em., གཉག་ཛྙཱ་ན་ཀུ་མ་ B, རྙགས་ཛྙཱ་ན་ཀུ་མ་ A
[48] འཁོན་ A, ཁོན་ B
[49] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བྲིས་པའི་ ལྡེའུའི་ཆོས་འབྱུང་གི་གླེང་གཞི་ (p. 2.2): “དགེ་བཤེས་ལྡེའུ་ནི་དུས་རབས་བཅུ་གཉིས་པའི་ནང་བྱུང་།”
[50] Martin 1997: no. 54: “Later than 1261”.
[51] ལྡེའུའི་ཆོས་འབྱུང་ (A, p. 358.5; B, p. 223.24).
[52] མཁས་པའི་དགའ་སྟོན་ (A, vol. 1, p. 357.5; B, p. 362.1–2).
[53] ཀློང་ཆེན་ཆོས་འབྱུང་ (A, pp. 262.5–264.14; Kb, pp. 443.2–447.3).
[54] Martin 1997: no. 72.
[55] བུ་སྟོན་ཆོས་འབྱུང་ (A, p. 186.20; B, p. 278.12).
[56] སྦ་བཞེད་ (A, p. 58.2–4; B, pp. 134.24–135.2). ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་ དེབ་སྔོན་གསར་མ་ (pp. 785.16–787.2) ལས། མཁས་པའི་དགའ་སྟོན་ ཁུངས་སུ་བྱས་ཏེ་ སྦ་བཞེད་ཆེ་བ་ ཞེས་པ་དེ་ལས་ལུག་གི་ལོ་དཔྱིད་ཟླ་ར་བའི་ངོ་ལ་རབ་ཏུ་བྱུང་བ་བཤད་ཡོད་ཚུལ་ལུང་འདྲེན་བྱས་ཤིང་གོང་འོག་མང་པོ་ཞིག་བསྒྲིགས་ནས་ས་མོ་ལུག་གི་ལོ་སྟེ་སྤྱི་ལོ་ 779 ལོར་རབ་ཏུ་བྱུང་ཡོད་པར་འདོད་ཀྱང་། «སྦ་བཞེད་»གསུམ་ཡོད་པའི་སྔ་མའི་ནང་དུ་ཡོས་ལོ་ལས་ལུག་ལོ་མི་མངོན། ཕྱི་མ་གཉིས་སུ་ལུག་ལོ་འབྱུང་ཡང་ལོ་ཆེན་རིན་ཆེན་བཟང་པོ་བྱོན་པའི་རྗེས་ལས་བརྩམས་པའི་«སྦ་བཞེད་»ཅིག་ཡིན་པར་ལོ་རྒྱུས་དེ་གཉིས་སུ་ལོ་ཆེན་དང་ལྷ་བླ་མ་སོགས་ཀྱི་མཚན་འབྱུང་བས་ཤེས་ནུས། དེ་གཉིས་ནི་«སྦ་བཞེད་»སྔ་མ་དང་མི་མཐུན་པའི་ཆ་མང་བས་མཐའ་གཅིག་ཏུ་འཐད་ཕྱོགས་རེད་ཅེས་བཤད་དཀའ་སྙམ།
[57] གྱིས་ A, om. B
[58] ཏུ་ A, དུ་ B
[59] ཞབས་བཏགས་མ་ (p. 44.18–20).
[60] ར་བའི་ em., རང་གི་ Ed.
[61] དབའ་བཞེད་ (p. 262.14–16).
[62] བཙན་པོའི་རྒྱལ་རབས་ (p. 428.4–11).
[63] གསེར་གྱི་ཤིང་རྟ་ (A, pp. 453.6–454.1; B, fol. 328b4–5): “རང་ལོ་སོ་གསུམ་པ་ཉེས་ཚོགས་ཟད་བྱེད་ཀྱི་ལོ་མཆུ་ཟླ་བའི་ཚེས་བཅོ་བརྒྱད་ལ་དབུ་བཙུགས་ཏེ་ནག་པས་ཉ་བའི་དུས་ཆེན་གྱི་ཉིན།”
[64] གསེར་གྱི་ཤིང་རྟ་ (A, p. 116.3; B, fol. 86b2).
[65] གསེར་གྱི་ཤིང་རྟ་ (A, p. 117.2–4; B, fol. 87a3–b2).
[66] ཡིད་ཀྱི་མུན་སེལ་ (p. 71.11–13).
[67] བཀའ་མཆིམས་ཕུ་མ་ (Kb, vol. Cu, 18.6; Kc, vol. Yi, p. 14.2).
གཙང་སྟོན་རྡོ་རྗེ་རྒྱལ་མཚན། རྩ་རྒྱུད་གསང་བ་སྙིང་པོའི་འགྲེལ་པ་ཉི་མའི་སྙིང་པོ་ Kb, vol. Cu & Chu; Kc, vol. Yi & Ri.
[68] པདྨས་ Kb པདྨ་ Kc
[69] དེབ་སྔོན་ (A, p. 96.4–5; B, vol. 1, p. 140.8–11).
[70] དེང་ em དིང་ AB
[71] དེབ་སྔོན་ (A, p. 171.1–2; B, vol. 1, p. 128.10–13).
[72] Martin 1997: no. 77.
[73] དེབ་དམར་ (p. 376.8–13).
[74] རོང་སྟོན་རྣམ་ཐར་ (A, pp. 301.5–302.1; B, p. 343.4–5).
[75] རཏ་གླིང་ཆོས་འབྱུང་ (A, p. 128.3–5; B, fol. 55a2–3).
[76] མཆིམས་ em འཆིམ་ A, འཆིང་ B
[77] རིགས་ A, རིམ་ B
[78] རྗེ་ A, རྗེས་ B
[79] ནའང་ B, ན་ཡང་ A
[80] འཁོར་ A, བོར་ B
[81] ཆད་ B, གཅོད་ A
[82] དུང་དཀར་ཚིག་མཛོད་ s.v. སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ།
[83] མྱང་ཡུལ་ལོ་རྒྱུས་ (A, fol. 125a2–3; B, p. 214.9–10).
[84] Martin 1997: no. 77.
དེབ་དམར་ (p. 376.8–13).
རོང་སྟོན་རྣམ་ཐར་ (A, pp. 301.5–302.1; B, p. 343.4–5).
རཏ་གླིང་ཆོས་འབྱུང་ (A, p. 128.3–5; B, fol. 55a2–3).
མཆིམས་ em., འཆིམ་ A, འཆིང་ B
རིགས་ A, རིམ་ B
རྗེ་ A, རྗེས་ B
ནའང་ B, ན་ཡང་ A
འཁོར་ A, བོར་ B
ཆད་ B, གཅོད་ A
དུང་དཀར་ཚིག་མཛོད་ s.v. སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ།
མྱང་ཡུལ་ལོ་རྒྱུས་ (A, fol. 125a2–3; B, p. 214.9–10).
དེབ་སྔོན་ (A, p. 150.5–6; B, vol. 1, pp. 211.17–212.1)..
[85] གུར་བཀྲའི་ཆོས་འབྱུང་ (p. 318.15–18).
[86] དབང་སྐུར་མཚམས་སྦྱོར་ (p. 10.4).
[87] ལྔ་པའི་གསན་ཡིག་ (vol. 4, pp. 383.18–384.3).
[88] བུ་སྟོན་ཆོས་འབྱུང་ (A, p. 208.2–19; B, pp. 310.4–311.7).
[89] ཉང་རལ་ཆོས་འབྱུང་ (A, fols. 358b6–359a2; B, p. 333.13–17).
[90] སྒྲོན་ A, སྒྲོལ་ B
[91] པའི་ B, པ་ A
[92] ཏུ་ B, དུ་ A
[93] རྡུང་ B, བརྡུང་ A
[94] སྒྲེང་ B, བླང་ A
[95] ཟངས་གླིང་མ་ (A, p. 107.2–3; B, p. 96.2–3).
[96] ལྡེའུའི་ཆོས་འབྱུང་ (A, p. 322.5–6; B, 201.20–21).
[97] གཉགས་ཛྙཱ་ན་ཀུ་མཱ་ em སྙགས་ཛྙ་ན་ཀུ་མ་
[98] མཁས་པའི་དགའ་སྟོན་ (A, vol. 1, p. 399.3–4; B, p. 402.16–19).
[99] ཛྙཱ་ན་ཀུ་མཱ་ em ཛྙ་ན་ཀུ་མ་ AB
[100] འཁོན་ B, ཁོན་ A
[101] སྐ་ em ཀ་
[102] རཏ་གླིང་ཆོས་འབྱུང་ (A, p. 97.1–2; B, fols. 39b6–40a1).
[103] གཉགས་ཛྙཱ་ན་ཀུ་མཱ་ em གཉག་ཛྙཱ་ན་ཀུ་མ་ B, རྙགས་ཛྙཱ་ན་ཀུ་མ་ A
[104] འཁོན་ A, ཁོན་ B
[105] རྒྱུད་དོན་གསལ་བྱེད་ “ཤཱཀྱའི་དགེ་སློང་རྡོ་རྗེ་དཔལ་བཟང་པོས་ཆུ་མོ་ལུག་གི་ལོའི་དབྱར་གྱི་ངོ་གཡས་རུ་ཆོས་ལྡིངས་ཀྱི་རི་ཁྲོད་དུ་སྦྱར་བ།”
[106] རྒྱུད་དོན་གསལ་བྱེད་ (Kb, p. 14.2; Kc, pp. 9.6–10.1).
[107] ཡོ་ག་སྒོ་འབྱེད་ (p. 612.3–4): “ཤིང་མོ་གླང་གི་ལོ། མཱ་གྷ་ཞེས་པ་མཆུ་ཟླ་བའི་དཀར་པོའི་ཕྱོགས་ཀྱི་སྔོན་ཐུབ་པའི་དབང་པོས་ཆོ་འཕྲུལ་བསྟན་པའི་དུས་བཟང་ཁྱད་པར་ཅན་གྱི་ཚེས་གསུམ་གྱི་ཉིན།”
[108] ཡོ་ག་སྒོ་འབྱེད་
[109] བན་དེ་ em., བནྡྷེ་ Ed.
[110]རྗེ་འདིའི་འདས་ལོའི་སྐོར་སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་གི་འབྱུང་འགྱུར་གྱི་ཆེད་རྩོམ་དཔྱད་དེབ་ བི་མ་ལ་མི་ཏྲའི་མཛད་རྗེས་ཉུལ་བ་ དཔྱད་པ་གཉིས་པར་ཅུང་གླེང་ཡོད་པས་དེར་གཟིགས།
[111] མུ་ཏིག་ཕྲེང་བ་
[112] སྒྱུར་ em བསྒྱུར་
[113] ཙཱ་ em ཙ་
[114] འདིའི་སྐོར་རྒྱས་པ་སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་གི་འབྱུང་འགྱུར་གྱི་ཆེད་རྩོམ་དཔྱད་དེབ་ བི་མ་ལ་མི་ཏྲའི་མཛད་རྗེས་ཉུལ་བ་ ཡི་གདན་འདྲེན་ཕོ་ཉ་ལ་དཔྱད་པ་ཞེས་པའི་ས་བཅད་ཐད་དུ་གླེང་ཡོད་པས་དེར་གཟིགས་པར་ཞུ།
[115] ཟངས་གླིང་མ་ (A, pp. 96.6–97.1; B, p. 87.3–4).
[116] ལོ་རྒྱུས་རིན་ཕྲེང་ (A, p. 99.5–6; B, p. 18.11–12).
[117] ཕྲ་མོའི་དཀར་ཆག་ (Kb, p. 11.1–2; B, fol. 3a2–3).
[118] དཀར་ཆག་དོ་ཤལ་ (A, fol. 5b6; Kc, p. 10.2).
[119] ཕྲ་མོའི་དཀར་ཆག་ (Kb, p. 16.2–3; B, fol. 4b3).
[120] དྲྭ་ em., དྲ་ BKb
[121] པ་ B, om. Kb
[122] ཕྲ་མོའི་དཀར་ཆག་ (Kb, p. 8.5–6; B, fol. 2a7).
[123] འདུས་མདོའི་བླ་བརྒྱུད་རྣམ་ཐར་ “ལྩགས་མོའི་བྱའི་ལོ་དབྱར་ཟླ་ར་བ་སྣྲོན་གྱི་ཟླ་བས་འགོ་བརྩམས་དབྱར་འབྲིང་ཆུ་སྟོད་ཀྱིས་ཉ་བའི་དབང་ཕྱོགས་བཟང་པོ་དང་པོའི་ཚེས་ལ་ཡོངས་སུ་ཚང་བར་འོག་མིན་བླ་མའི་གདན་ས་ཐུབ་བསྟན་རྡོ་རྗེ་བྲག་གི་ཡང་དབེན་འཆི་མེད་ཕོ་བྲང་དུ་ལེགས་པར་སྦྱར།”
[124] འདུས་མདོའི་བླ་བརྒྱུད་རྣམ་ཐར་ (A, p. 108.4; Kb, p. 346.4–5).
[125] ཡོ་ག་སྒོ་འབྱེད་ (p. 605.3–4).
[126] དཀར་ཆག་དོ་ཤལ་ (A, fol. 5b2–3; Kc, p. 9.4).
[127] སྡེ་དགེའི་བསྟན་དཀར་ (D, fol. 465b5).
[128] དར་ཐང་རིན་པོ་ཆེ་ཀུན་དགའ་དགེ་ལེགས་ཡེ་ཤེས་རྡོ་རྗེས་མཛད་པའི་«དྭངས་ཤེལ་མེ་ལོང་ a (Crystal Mirror) དབྱིན་ཡིག་ཏུ་བཞུགས་པར། ལོ་ཙཱ་བ་འདིས་སློབ་དཔོན་ཆེན་པོ་པདྨ་དང་། པཎ་ཆེན་བི་མ་ལ་མི་ཏྲ། སློབ་དཔོན་སངས་རྒྱས་གསང་བ་སོགས་ཀྱི་གཞུང་ཉིས་བརྒྱ་ལྔ་བཅུ་ཙམ་ལ་འགྲེལ་པ་མཛད་ཡོད་ཚུལ་འཁོད་ཀྱང་ལོ་རྒྱུས་གང་ལ་བརྟེན་ནས་གསུངས་ཡོད་ངོས་མ་ཟིན་པས་དཔྱད་པའི་གཞི་ལས་མ་འདས། (a Tarthang 1975: no. 22).
[129] བཙན་པོའི་རྒྱལ་རབས་ (p. 513.3).
[130] ཟངས་གླིང་མ་ (A, p. 108.3; B, p. 97.2–3).
[131] རང་རྡོར་བསྟན་དཀར་ཀ་ (A, p. 544.4–5; B, p. 389.5).
[132] བི་ em བྷི་
[133] གཏེར་འབྱུང་ལོ་རྒྱུས་ (A, pp. 71.6–72.3; B, pp. 355.19–356.3).
[134] ཆུང་ B, ཆུས་ A
[135] གྲུབ་མཐའ་མཛོད་ (A, fol. 158a2–4; B, p. 258.4–6).
[136] མཁས་པའི་དགའ་སྟོན་ (A, vol. 1, p. 610.4–7; B, vol. 1, pp. 606.14–607.1).
[137] བི་ em., བཱི་ AB
[138] ཏེ་གཉགས་ em., སྟེ་སྙགས་ AB
[139] ཕྲིན་ A, འཕྲིན་ B
[140] ཅུ་ em., བཅུ་ AB
[141] ཅར་ B, ཆར་ A
[142] འདུས་མདོའི་བླ་བརྒྱུད་རྣམ་ཐར་ (A, p. 108.2–5; Kb, p. 346.2–5).
[143] ཆེན་ ཅེན་
[144] རིན་ཆེན་ em རི་ཆེན་ རིན་ཅེན་
[145] དང་ om
[146] སྔགས་ལོག་སུན་འབྱིན་ (pp. 20.6–21.3).
[147] ལེ་ལག་ em., ལེའུ་ལ་ Ed.
[148] དཔལ་འཛིན་འབྱམས་ཡིག་ (fol. 4a3–4).
[149] ཅེས་ em., ཞེས་ Ms.
[150] བཙལ་ em., བརྩལ་ Ms.
[151] འབྲུག་པའི་ཆོས་འབྱུང་ (A, p. 391.1–2; B, pp. 290.19–291.1).
[152] གཉགས་ A, སྙགས་ B
[153] གནུབས་ A, སྣུབས་ B
[154] ཁོ་བོའི་འབྱུང་འགྱུར་གྱི་ཆེད་རྩོམ་དཔྱད་དེབ་ གསང་སྙིང་ཞིབ་འཇུག་ གི་དགག་སྒྲུབ་བཤད་པའི་ཐད་དུ་རྒྱས་པར་འབྱུང་བས་དེར་གཟིགས།
[155] རོང་སྟོན་རྣམ་ཐར་
[156] གཏེར་བརྒྱའི་རྣམ་ཐར་ (A, p. 84.4; B, p. 47.12).
[157] Tarthang
[158] དཀར་ཆག་སྟོང་ཐུན་ (A, p. 430.4–5; B, p. 366.5–6;).
[159] བོང་ em., ཝོང་ A, འོང་ B
[160] ལས་བྱང་ཆར་འབེབས་ (p. 240.4).
[161] བོང་ em ཝང་ Xylo.
[162] རྗེ་འབངས་གསོལ་འདེབས་
[163] གཱརྫུ་ནའི་ A, གཱ་རྫུ་ཡི་ B
[164] བོང་ em., ཝང་ B, ཝཾ་ A
[165] དབུས་གཙང་གནས་ཡིག་
[166] བོང་ em., ཝཾ་ Ed.
[167] ཉེ་སྔོན་སྤྱི་ལོ་ 2019 མཇུག་རྒྱ་ནག་གྲོང་ཁྱེར་ཝུ་ཧན་དུ་ཏོག་དབྱིབས་གཉན་རིམས་ཐོག་མར་མཆེད་སྐབས། བྱ་ཕ་ཝང་གི་ཤ་ཟོས་པའི་རྐྱེན་ལས་བཅོས་ཐབས་བྲལ་བའི་ནད་དེ་བྱུང་ཡོད་པ་བཤད་ཚུལ་ལས་འཕྲོས་ཏེ་སྤྱི་ཚོགས་སུ་ཕ་ཝང་ནི་བཙན་དུག་གི་ཕུང་པོ་འབའ་ཞིག་ཡིན་ཞིང་། དེ་ནི་རྨ་རིན་ཆེན་མཆོག་གིས་ཟ་ཐུབ་པ་ཡི་གེ་རྙིང་པར་འཁོད་ཡོད་ཚུལ་དང་། སྔགས་པ་རལ་པ་ཅན་སྔགས་ཆས་གྱོན་པ་ཞིག་གིས་བྱ་ཕ་ཝང་ཟ་བཞིན་པའི་འདྲ་རིས་ཤིག་ཀྱང་བཀོད་པ་སྤྱི་ཚོགས་དྲྭ་བ་རེ་ཟུང་དུ་མངོན་ཡང་། ཁུངས་ལྡན་ལོ་རྒྱུས་ཇི་ལྟར་ཡིན་བཤད་དཀའ་བས་དཔྱད་ཞིབ་མ་ཐུབ་ཅིང་། ལོ་ཙཱ་བ་འདི་ཉིད་ཀྱང་རབ་བྱུང་ལས་སྔགས་པ་ཡིན་པའི་ལོ་རྒྱུས་མི་མངོན་ཞིང་། གོང་གསལ་རྡོ་ཕ་བོང་གསོལ་ཚུལ་གྱི་བྱུང་བ་དག་ཁུངས་བཙན་སྙམ།
[168] སྔགས་ལོག་སུན་འབྱིན་ (p. 21.2).
[169] དཔལ་འཛིན་འབྱམས་ཡིག་ (fol. 4a3–4).
[170] ཉང་རལ་ཆོས་འབྱུང་ (A, fol. 473a3–4; B, p. 437.15–17).
[171] ཏུ་ B, དུ་ A
[172] བསྟེན་ B, རྟེན་ A
[173] སྙད་ B, རྙེད་ A
[174] ཏེ་ om
[175] ལྡེའུའི་ཆོས་འབྱུང་ (A, p. 266.15–17; B, p. 229.9–10).
[176] ལོ་རྒྱུས་རིན་ཕྲེང་ (A, p. 100.4–5; B, p. 19.2–4).
[177] རྩེའི་ B, རྩེ་ A
[178] འདུས་མདོའི་བླ་བརྒྱུད་རྣམ་ཐར་ (A, p. 108.1–5; Kb, p. 346.1–6).
[179] གཏེར་བརྒྱའི་རྣམ་ཐར་
[180] བསམ་གཏན་མིག་སྒྲོན་
[181] ཐུགས་ རྫུགས་
[182] མཁས་པའི་དགའ་སྟོན་ (A, vol. 1, p. 627.6–7; B, vol. 1, p. 621.13–16).
[183] རོང་སྟོན་རྣམ་ཐར་ (A, p. 302.1–3; B, pp. 343.5–344.1).
[184] དེང་ B, དིང་ A
[185] དབང་སྐུར་མཚམས་སྦྱོར་
- འདིར་དཔྱད་རྩོམ་འདི་དང་འབྲེལ་བའི་བཀོལ་ཐབས་དང་། མཚོན་རྟགས། བསྡུས་ཚིག་ངོ་སྤྲོད་བཅས་ལོགས་སུ་བྲིས་མེད་པས་ཇི་ལྟར་ཡིན་མཁྱེན་འདོད་མཆིས་ན་«པདྨའི་རང་མདངས་»འདོན་ཐེངས་སོ་བདུན་པའི་ནང་དུ་ཁོ་བོས་བྲིས་པའི་བཀའ་མའི་ངོ་སྤྲོད་«སྔ་འགྱུར་མཁས་པའི་མཛད་རྗེས།»ཞེས་པར་གསལ་བས་དེར་གཟིགས་འཚལ།
- བཙན་པོའི་རྒྱལ་རབས་ (p. 139.8).
- བཙན་པོའི་རྒྱལ་རབས་ (p. 187.4).
- བཙན་པོའི་རྒྱལ་རབས་ (p. 403.4).
- བཙན་པོའི་རྒྱལ་རབས་ (p. 429.14–16).
- ཉང་རལ་ཆོས་འབྱུང་ (A, fols. 404b4–405a3; B, pp. 376.16–377.3): “སྔོན་གྱི་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེསa། སྔོན་གྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ཡང༌b། ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་པས། ར་ས་འཕྲུལ་cསྣང་དང་ར་མོ་ཆེ་ལ་སོགས་པ་མཐའ་འདུལ་དང་ཡང་འདུལ་དང་མཐའ་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས། དམ་པའི་dཆོས་ཀྱི་སྲོལ་བཏོད་ eཔ་བོད་ཁ་བ་ཅན་པ་ལ་ཤིན་ཏུ་བཀའ་fདྲིན་ཆེ། དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་གར་ནས་སློབ་དཔོན་ཉིད་ཀྱིས་gདབུ་མཛད་པའི་པཎྜི་ཏ་མཁས་པ་མང་པོ་སྤྱན་དྲངས་བཀའ་རྒྱུད་ལུང་སྒྲུབ་སྡེ་མང་པོ་དཔག་ཏུ་མེད་པ་མ་ལུས་པ་བསྒྱུར། དམ་པའི་ཆོས་དར་ཞིང་hརྒྱས་པར་མཛད།” a བརྙེས་ B, མཉེས་ A; b སྒམ་པོ་ཡང་ B, སྒོམ་པོས་ཡང་ཡང་ A; c འཕྲུལ་ B, འཁྲུལ་ A; d པའི་ A, པ་ B; e བཏོད་ B, གཏོད་ A; f ཅན་པ་ལ་བཀའ་ A, ཅན་ལ་ཤིན་ཏུ་བཀའ་ B; g ཀྱིས་ B, ཀྱི་ A; h ཆོས་དར་ཞིང་ B, ཆོས་ནི་དར་ཅིང་ A).
- Martin 1997: no. 395.
- རོང་སྟོན་རྣམ་ཐར་ (A, p. 377.2; B, p. 425.4): “རྒྱལ་བ་ཞེས་པ་ཤིང་ཕོ་རྟའི་ལོ། སྨིན་དྲུག་གི་ཉ་གང་བའི་ཡར་ངོའི་ཚེས་བཅུ་ལ།” (a ཞེས་] B, ཅེས་ A)
- རོང་སྟོན་རྣམ་ཐར་ (A, p. 301.3; B, p. 343.3).
- གཏེར་བརྒྱའི་རྣམ་ཐར་ (A, p. 84.2; B, p. 47.9).
- འཕན་] B, འཕེན་ A
- བཙོ་] em., གཙོ་ AB
- འཕན་ཡུལ་ངོ་སྤྲོད་ (p. 55.6–7).
- འཕན་ཡུལ་ངོ་སྤྲོད་ (p. 1.4).
- འཕན་ཡུལ་ངོ་སྤྲོད་ (p. 2.17–20).
- གནས་རྟེན་མཚན་བྱང་ (A, p. 213.5–6; B, fol. 21a5–6).
- གནས་རྟེན་མཚན་བྱང་ (A, p. 212.17–18; B, fol. 20b6).
- དབུས་གཙང་གནས་ཡིག་ (p. 418.8–15).
- དབུས་གཙང་གནས་ཡིག་ (p. 420.1–3).
- དེབ་སྔོན་ (A, p. 969.5–6; B, vol. 2, p. 1272): “ཆོས་ཀྱི་རྒྱལ་པོ་སྲོང་བཙན་འཁྲུངས་ནས་ལོ་བརྒྱད་བརྒྱ་དང་ལྔ་བཅུ་པ་ལ་བབ་པ་ས་ཕོ་ཁྱིའི་ལོ་ལ།” (a པ་] A, པས་ B).
- དེབ་སྔོན་ (A, p. 196.5; B, vol. 1, p. 272.6–7).
- བསྟན་རྒྱན་ཉི་འོད་ (A, pp. 102.4–103.3; B, fol. 5a4–b1).