ཨ་མཁའ་རླུང་། (བོད་ནང་།)
དུས་ཚོད་ཀྱི་མགོ་མཇུག་ནས་གློ་རྡེག་ཏུ་རྙེད་འོང་བ་ནི།
དགུན་གཞུང་ཞིག་གི་སྐྱེ་འཆིའི་དབུགས་རྒྱུན་ཁྲོད་ཀྱི་ཁ་ཆེམས་རེད།
ཉི་མའི་དྲོ་འཁྱག་གི་ཁང་ཁྱིམ་ནས་ལག་པ་རིང་དུ་བསྲིངས་ཏེ་སྐྱེ་བ་སྔ་ཕྱིའི་གོད་ཆག་ལ་མནོ་བསམ་བཏང་ཚེ།
སྡོང་པོ་རྐང་གཅིག་ལ་དུས་ཚིགས་ཉེར་བཞིའི་སྡིག་སྒྲིབ་ཕོག་པ་ལྟ་བུའི་ཚུགས་ཀ་དོད་ཡོང༌།
ཞོགས་པ་ནས་ས་སྲོད་བར་སེམས་ཚེགས་ལྷག་མ་ཞིག་ཐ་སྙད་ཀྱི་ཕྲག་ཏུ་འཕངས་ཏེ།
ནག་ནོག་གི་སྐད་ཆ་དག་ནང་སེམས་ཀྱི་བཅུད་དུ་བསྣམས་ཚེ།
མི་ཚེ་འདི་བུ་ལོན་གང་ཞིག་གི་རྡོག་ཁྲེས་ཡིན།
ཉི་མའི་འོད་ཐིག་གི་ཐག་པར་བརྒྱུས་པའི་ཚེ་ཡི་ལོ་མ་དག་རླུང་གིས་སྤུར་ཚུལ་དྲན་པའང་།
མུན་པ་སྲབ་མོ་ཞིག་གི་ཕྱི་ནང་དུ་འཚེར་བའི་ཚེ་སྲོག་གིི་མེ་ལོང་ལས་འཇིག་རྟེན་གྱི་སྐྱེ་འཆི་འཆར་ཡོང༌།
སྡུག་རུས་ཉམས་ཚུགས་ཤར་བའི་རབ་རིབ་མག་མོག་གི་རི་བོ་དག་ལས་གྲིབ་མའི་འཆར་ནུབ་ཀྱི་བར་ན།
འཇག་མའི་འཁྱག་འདར་གྱི་ཟླ་འདིའི་སྐྱེ་འཆི་དྲན་པ་ཨེ་ཚོར།
མདོར་ན། དགུན་གཞུང་འདིར་ཤིན་ཏུ་གྲང་བའི་སྙན་ངག་གི་ཐ་སྙད་དག་ཀྱང་གྲང་ངར་གྱིས་བསྡམས་པ་འདྲ།
རྒས་ཁོག་སྐམ་པོ་ཞིག་གི་དར་རྒུད་ལ་བྲིས་པའི་སྒྱུ་རྩལ་གྱི་ནམ་མཁའ་བསྟན་ན།
གཙང་བོ་བཞུར་ཙམ་ལས་མི་མངོན་པའི་སྣང་བརྙན་མག་མོག་དེ་ཡང་དྲན་འོང་།
༢༠༢༢/༨/༡༦