ལོ་རིམ་བདུན་པའི་སློབ་གཉེར་བ། ཐུབ་བསྟན་དབང་གྲགས།
ཁ་ཆར་བུ་ཡུག་འཚུབ་པའི་མཚན་མོ་ཞིག།
མུན་པ་ནག་པོས་གཡོགས་པའི་ས་སྲོད་དེར།།
ཁྱེད་ཀྱིས་མི་སྐད་སྐྱོན་པའི་དགོང་མོ་རེད།།
དེ་རིང་བསྐྱར་བཤད་བྱས་ན་ལོ་རྒྱུས་རེད།།
མཇིང་པ་ལྷ་ལ་ཕུལ་བའི་མི་ཚོགས་ནང་།།
ཕྲག་པས་མགོ་བོ་བཏེག་པའི་མི་དེ་ཁྱོད།།
དེ་དུས་ཁྱེད་རང་གཉིད་ལས་སད་ཚར་རེད།།
རྨི་ལམ་རིང་པོའི་ནང་ན་སུ་ཡོད་རེད།།
ཁྱི་སྤྱང་རེ་འགའི་ཟུག་སྐད་གཟན་ན་ཡང་།།
དེ་དག་རྣ་བ་མ་གཏད་སྨྱུ་གུ་བཟུང་།།
ལང་ཚོའི་རྦབ་ཆུ་མི་ཡི་ཡུལ་དུ་བསུས།།
སྲོལ་རྒྱུན་སྒྲོག་གི་འཆིང་ལས་རང་གྲོལ་གྱུར།།
རླུང་བུའི་ངར་ཁས་ཚེ་སྲོག་སྤུར་ན་ཡང་།།
ཁྱེད་ཀྱི་སྙན་ངག་གཞོན་ནུའི་སེམས་ལ་འབྱར།།
རྣམ་ཤེས་དེ་ཡང་སྨྱུ་གུའི་རྩེ་ན་གདའ།།
ཁྱེད་རང་ད་དུང་གསོན་པའི་སྙན་ངག་ཡིན།།
ལོ་རབས་བརྒྱད་ཅུ་ནང་གི་ཉི་མའི་གསེང་།།
ལང་ཚོ་གསར་པ་བསྐྲུན་པའི་འོད་སྣང་ཡོད།།
བདེན་པ་རྡོ་ལ་བརྐོས་པའི་ལོ་ཟླའི་ཁྲོད།།
ཁྱེད་ཀྱི་གཅེས་པའི་ཚེ་སྲོག་རིན་ཐང་ཆེ།།