འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ།
་་་་་་་་་འདོན་ཐེངས་སྔ་མའི་འཕྲོ།
གཞན་སྨིན་འཛིན་གྱི་བྱེ་བྲག་དང༌། གཞན་དེའི་བྱེ་བྲག་མིན་པ་འབྲས་གསུམ་སོགས་སྨིན་གྱི་བྱེ་བྲག་ཐམས་ཅད་དང༌། སྨན་གྱི་བྱ་བ་བྱེད་པའི་ཟས་སོགས་ལའང་ཐམས་ཅད་དུ། ཨོ་ཥ་དྷཾ། སྨན་ཞེས་སུ་ར་རོ། སྨན་གྱི་སྐབས་སུ་ལོ་མ་མེ་ཏོག་སོགས་ཀྱི་སྤྱི་མིང་དུ། ཤཱ་ཀཾ ཞེས་པའོ། །དེ་ལ་དབྱེ་ན། རྩ་བ་ནི་ལ་ཕུག་སོགས་རྩ་བ་སྦོམ་པ་དང༌། ནིམྤ་སོགས་ཀྱི་ལོ་མ་དང༌། སྨྱུག་མ་སོགས་ཀྱི་མྱུ་གུ་གསར་པ་དང༌། ས་ལ་སོགས་པའི་རྩེ་མོ། ཨ་མྲ་སོགས་ཀྱི་འབྲས་བུ། ཨུཏྤལ་སོགས་ཀྱི་སྡོང་པོ་སྟེ་དེ་ལྔ་དང༌། ཨ་དྷི་རཱུཌྷ། ལྷག་སྐྱེས་ཞེས་པ། རྐང་པ་ས་བོན་རུས་པ་མྱུ་གུ་རྐང་མར་ལ་སོགས་པ་ཡན་ལག་ཕྲ་མོ་རྣམས་ལ་བརྗོད་དེ།
འདི་སྐབས་ཀྱི་རྐང་པ་ནི་རྩ་བ་ཡིན་པ་ཙམ་དང༌། མྱུ་གུ་ནི་རྩྭ་ཤིང་སོགས་ཀྱི་ཡལ་ག་ཕྲ་མོ་གསར་སྐྱེས་སོ། །མ་ཏུང་ལུང་ག་སོགས་ཀྱི་ཤུན་པ། ཀོ་མི་དར་སོགས་ཀྱི་མེ་ཏོག ཙྪ་བ་ཀཾ ཞེས་པ་གདུགས་ཅན་ནོ་ཞེས་བཤད་དེ། ཇི་སྐད་དུ། རྩ་བ་ལོ་མ་མྱུ་གུ་རྩེ། །འབྲས་བུ་སྡོང་པོ་ལྷག་སྐྱེས་དང༌། །ཤུན་པ་མེ་ཏོག་ཙྪ་བ་ཀཾ །ཤ་ཀཾ་རྣམ་པ་བཅུ་རུ་བཤད། །ཅེས་འབྱུང་ངོ༌།།
དེ་དག་གི་རྩ་བ་མཱུ་ལཾ་སོགས་ཀྱི་སྐད་དོད་གཞན་དུ་བཤད་ཟིན། ཀ་རཱི་ར། མྱུ་གུ་ཞེས་སོ། །མཱུ་ལཾ་ཨཽ་ཥ་དྷཾ། རྩ་བའི་སྨན། གཎྜ་བྷེ་ཥ་ཛྱཾ། སྡོང་བུའི་སྨན་ཞེས་སོགས་སུ་ཤེས་པར་བྱའོ།། སྨན་ལེགས་པར་སྦྱར་བས་ནད་སོས་པའི་མིང་ལ། ཀ་ལྱཿ སོས་པ། ནི་རཱ་མ་ཡཿ ནད་བྲལ་བ། བཱརྟྟཿ འཚོ་བ་ཞེས་སོ། །ནད་ལས་གྲོལ་ནས་ཡུན་མི་རིང་བའི་མིང༌། ཨུལླཱ་གྙཿ ནད་ལས་གྲོལ་མ་ཐག་པ། ནད་མེད་པའི་མིང༌། ཨ་ནཱ་མ་ཡཾ། ནད་མེད་པ། ཨ་རོ་གྱཾ། ནད་གཅོང་མེད་པ། ཨ་རོ་གཿ ནད་མེད་པ། ནིརྫྲ་རཿ རིམས་ནད་མེད་པའམ་ནད་མེད་པ། པ་རམ་སུ་ཁཿ མཆོག་ཏུ་བདེ་བའོ། །དེ་དག་གིས་གསོ་རིག་ལ་ཉེར་མཁོའི་མིང་ཅི་རིགས་བརྗོད་ཟིན་ཏོ།།
ད་ནི་སྒྲ་རིག་པའི་མིང་གི་སྐོར་ལ་ཆེ་ལོང་ཙམ་བརྗོད་པ། ཤཱབྡི་ཀཿ སྒྲ་མཁན། བྱཱ་ཀ་ར་ཎི་ཀཿ བརྡ་སྤྲོད་མཁན། བྱཱ་ཀ་ར་ཎ། བརྡའ་སྤྲོད་པའམ་ལུང་སྟོན་པ་སྟེ་སྒྲ་རིག་པའི་མིང༌། བཻ་ཡཱ་ཀ་ར་ཎཿ བརྡ་སྤྲོད་པའམ་བརྡ་སྤྲོད་ཤེས་པའམ་རིག་པ། ཤཱབྡི་ཀཿ སྒྲ་ལ་མཁས་པ། དེ་ལ། དྷཱ་ཏུཿ བྱིངས། ནཱ་མཿ མིང༌། པྲ་ཏྱ་ཡཿ རྐྱེན། པྲྀ་ཀྲཏཿ རང་བཞིན། པྲ་ཏི་སནྡྷིཿ མཚམས་སྦྱོར་བ། བི་ཀྲཱྀཏྲ། རྣམ་འགྱུར། ནཱ་མ་ནྲ། མིང༌། བཱ་ཀྱཾ། ཚིག་སྟེ་མིང་ལ་རྣམ་དབྱེ་སྦྱར་བའི་མཐའ་ཅན་དུ་བྱས་པའོ། །པི་བྷཀྟིཿ རྣམ་དབྱེ། བཱ་ཙ྄། དང༌། བཱ་ཀ་དང༌། པཱ་ད། ངག་གོ །བྷཱ་ཥ། སྐད། གི་ར྄་དང་གཱིཿ སྒྲ། པཱ་ཎཱི། བརྗོད་པ་གཞན་ཡང་ཚངས་བྱུང་རྒྱས་བྱུང་མཚོ་བྱུང་ཡང་ཟེར།
བྱཱ་ཧཱརཿ རྣམ་བརྗོད་དམ་ཐ་སྙད། ཨུཀྟིཿ གླེང་བ། ལ་པི་ཏཾ། སྨྲ་བ། བྷཱ་ཥི་ཏཾ། བཤད་པ། བ་ཙ་ནཾ། འཆད་པ། བ་ཙ་ས྄། བ་ཙཿ ལབ་པའམ་ཚིག་གོ །སྭ་ར། དབྱངས་སམ་ང་རོ། དབྱངས་ཀྱི་བྱེ་བྲག ཨུ་དཱཏྟཿ མཐོ་བར་འདོན་པ། ཨ་ནུ་དཱཏྟཿ དམའ་བ། སྭ་རི་ཏཿ བར་མ། པཱརྟྟཱ། གཏམ། ཀ་ཐཱ། གཏམ་སྟེ་བདེན་གཏམ་ཉུང་ངུ༌། པྲ་བྲྀཏྟིཿ ལོ་རྒྱུས། བྲྀཏྟཱནྟཿ ཁ་སྐད། ཨུདནྟཿ བཀའ་མཆིད་དམ་མཆིད་དེ་འདི་ཀུན་སྤྱིར་གཏམ་གྱི་མིང་དུ་འཇུག མིང་གི་མིང་གཞན། ཨཱ་ཧྭ་ཡཿ བོད་པ། ཨཱ་ཁཱ། བླ་དགས། ཨཱ་ཧྭཱ། མཚན། ཨ་བྷི་དྷཱ་ནཾ། མངོན་བརྗོད། ནཱ་མ་དྷེ་ཡཾ། མིང་དུ་བརྗོད་པའམ་གདགས་པའོ།།
ཧཱུ་ཏིཿ མིང་ནས་འབོད་པ། བི་བཱ་དཿ རྩོད་པ། བྱ་བ་ཧཱ་རཿ ཐ་སྙད། དཔེར་བརྗོད་ཀྱི་མིང། ཨུ་པོ་ཏཿ ཉེར་འཇལ། ཨུ་དཱ་ཧཱ་རཿ་ དཔེར་བརྗོད་དོ། །ངག་གི་རྒྱུན་མང་བ་ཅན་ལ། སརྒྒཿ ལེའུ། སཱུ་ཏྲཾ། མདོར་བྱས་པ། རྡཱ་ཏུ། སྐད་ཀྱི་དབྱིངས་སམ་བྱིངས། ནཱི་པཱ་ཏཱཿ ཚིག་གི་ཕྲད ཨ་ནྭཱ་ཁྱཱ་ནཾ། རྗེས་སུ་བཤད་པ། ཨཱ་ཁྱཱ་ཏ། ཀུན་བཤད། ཨུ་པ་སརྒཿ ཉེ་བར་བསྒྱུར་བ། པྲ་སོགས་ཉི་ཤུ་པོའི་མིང་ངོ་། །བཱ་ཀྱོ་པནྱཱུ་སཿ ཚིག་གི་ལྷད། ཨུ་པ་སཾ་ཁྱ་ནཾ། ཚིག་ཁ་སྐོང་བ། ས་མཱ་སཿ ཚིག་སྡུད་པ། ས་མསྟཿ ཚིག་བསྡུས་པ། ཀརྨཿ ལས། བྷཱ་བ། དངོས། སྐད་རིགས་ཆེན་མོ་བཞི་ནི། སཾ་སྐྲྀ་ཏཾ། ལེགས་པར་སྦྱར་བ། ཨ་བ་བྷྲཾ་ཤཿ ཟུར་ཆག་པ། པྲྀཀྲ་ཏཾཿ ཐ་མལ་པའམ་རང་བཞིན། པི་ཤཱ་ཙིཀཿ ཤ་ཟའི་སྐད་དོ།།
ཨ་པ་ཤབྡཿ སྒྲ་ཉམས་པ། ཀྲི་ཡཱ་པ་དཾ། བྱེད་པའི་ཚིག་གམ་བྱ་ཚིག ཀརྨ་བ་དཾ། ལས་སུ་བྱ་བའི་ཚིག ཨ་ན་བཱ་པྲ་སཾ་གཿ ཐུག་པ་མེད་པར་འགྱུར། ཨ་ཏི་པྲ་སཾ་སངྒཿ ཐལ་ཆེས་པར་འགྱུར། པྲ་སཾ་གཿ པྲ་སཛྱཏཻ། ཐལ་བར་འགྱུར། བི་གྲ་ཧཿ ཚིག་རྣམ་པར་སྦྱར་བ། རྣམ་དབྱེའི་ཚིག་སྡུད་ཀྱི་བྱེ་བྲག་ལ་དྲུག་སྟེ། དྭནྡྭ། ཟླས་དབྱེ་བ། དྦི་གུཿ བ་གཉིས་པ། ཏཏྤུ་རུ་ཁཿ དེའི་སྐྱེས་བུ། བ་ཧུ་བྲཱྀ་ཧིཿ འབྲུ་མང་པོ། ཨ་བྱཱ་ཡཱི་བྷཱ་བཿ མི་ཟད་པའམ་ཟད་པར་མི་འགྱུར་བ་སྟེ་གྲངས་མེད་པའི་བསྡུ་བའང་ཟེར། ཀརྨ་དྷཱ་ར་ཡཿ ལས་འཛིན་པ་སྟེ་དྲུག་གོ།
མིང་བར་སྒྲའི་བསྡུ་བ། ས་མཱ་ནཱ་དྷི་ཀ་ར་ཎཿ གཞི་མཐུན་པ། ཀཱ་ར་ཀཿ བྱེད་པ། པྲ་ཐ་མ་པུ་རུ་ཥཿ སྐྱེས་བུ་དང་པོ། བ་དྷྱ་མ་པུ་རུ་ཥཿ སྐྱེས་བུ་བར་མ། ཨུཏྟ་མ་པུ་རུ་ཥཿ སྐྱེས་བུ་མཆོག རྣམ་པར་དབྱེ་བ་བདུན་གྱི་དཔེ་བརྗོད་པ་ཤིང་ལ་མཚོན་ན། བྲྀཀྵཿ ཤིང། བྲྀཀྵཽཿ ཤིང་དག བྲྀཀྵཱཿ ཤིང་རྣམས་ཏེ། ཤིང་གི་མིང་ལ་རྣམ་དབྱེ་དང་པོའི་སི་ཨོ་ཛས྄་བྱིན་པའི་དངོས་པོ་རང་གི་ངོ་བོ་ཙམ་བརྗོད་པ་གཅིག་ཚིག་གཉིས་ཚིག་མང་ཚིག་གི་རྣམ་འགྱུར་འབྱུང་ཚུལ་ལོ།།
མུ་འགོད་་་་་