འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོ།
་་་འདོན་ཐེངས་སྔ་མའི་འཕྲོ།
གཞན་ཡང་མི་ཟད་པའི་སྡེར་གཏོགས་པའི། འབོད་པའི་དོན་ལ། པྱཱཊ། པཱཊ། ཨཾ་ག ཧེ། ཧཻ། བྷོཿ ཞེས་དང་གཞན་ཡང་། ཧཾ་ཧོ། ཨ་རེ། ཨ་ཡི། སོགས་བཤད་དོ། །ཨ་རེ་དམན་པ་ལ་འབོད་པ་རེའང་དེ་དང་འདྲའོ། །མཚུངས་པའམ་འདྲ་བའི་དོན་ལ། བཏ། ལྟར། བཱ། ལྟ། ཡ་ཐཱ། ཇི་ལྟ། ཏ་ཐཱ། དེ་ལྟ། ཨི་བ། བཞིན། ཨེ་བཾ དེ་བཞིན། ཙེཏ། དེ་ལྟར། ཞེས་པ་འདི་གང་ཡང་རུང་སྟེ་མཚུངས་པ་གསལ་བྱེད་ཀྱི་སྒྲར་འགྱུར་རོ། །ངོ་མཚར་བའི་དོན་ལ། ཨ་ཧོ། ཨེ་མ། ཧི། ཀྱེ་ཧོ། ཤིན་ཏུ་དགའ་བ་ལ། ཧཱི། ཟློག་པའི་དོན་ལ། མསྨཱ། མཱ། ཨ་ལཾ། མ་མཐའོ། །ཕྱོགས་ཕྱི་མའི་དོན་ཅན་གལ་ཏེ་ཞེས་པའི་དོན་ལ། ཙེཏ། དང་། ཡ་དི། བདེན་པའམ་དེ་ཁོ་ནའི་དོན་ལ། ཨདྡྷཱ། དང་། སཏྱཾ། དང་། ཨཉྫ་སཱ། མི་བདེན་པའི་དོན་ལ། མྲ་ཥཱ། དང་། མི་ཐྱཱ། ངག་གསལ་བའི་དོན་ལ། པྲཱ་དུཿ དང་། ཨཱ་བིཿ དེ་དག་ས་མཐའོ། །འདོད་པ་སྟེ་ཁས་ལེན་པའི་དོན་ལ། ཨ། དང་། ཨེ་པཾ། དང་། པ་ར་མཾ། དེ་རྣམས་མ་མཐའོ། །གོ་རིམ་དང་། རབ་བསྔགས་དང་། མཆོག་ལའང་། ཨ། ཀུན་ནས་སམ་ཐམས་ཅད་དུ་ཞེས་པའི་དོན་ལ། ས་མནྟཿ ཀུན་ནས། པ་རི་ཏཿ ཀུན་ཏུའམ་ཡོངས་སུ། སརྦྦ་ཏཿ ཐམས་ཅད་དུ། དེ་རྣམས་ས་མཐའོ། །བིཥྭཀ྄ སྣ་ཚོགས་པ། ས་མནྟཱཏ། ཐམས་ཅད་ཅེས་པའང་འདི་ལའོ།།
དམིགས་ཀྱིས་བཟུང་བའམ་ངེས་བཟུང་གི་དོན་ལ། ཨེ་བཾ། དང་། ཏུ། པུ་ནཿ བཱ། ཨེ་བ། ཞེས་དང་གཞན་དག བཻ་དང་། ཙའང་ངོ་། །ཤེས་པས་ངེས་པར་འཛིན་པའི་དོན་ལ། ཨཱཾ། དང་། ཨེ་བཾ། མེད་པའམ་མི་འབྱུང་བའི་དོན་ཅན་དགག་པའི་ཚིག ནཉ། དང་། ན་ཧི། དང་། མཱད། དང་། ཨ། དང་། མཱ། དང་། ནོ། དང་། ན། རྣམས་སོ། །འགྲེལ་པ་ལས། ཨ་ན། ཞེས་སོ། །ཐེ་ཚོམ་མམ་བརྟག་དཔྱད་ཀྱི་དོན་ལ། ཨཱ་ཧོ་དང་། ཨ་ཧོ་དང་། ཨུཏཱ་ཧོ། ཀི་མུ། ཨུ་ཏ། ཀ່ ཀི་མུ་ཏ། རྣམས་སོ། །ཚིགས་བཅད་ཀྱི་རྐང་པ་ཁ་སྐོང་བ་ལ། ཏུ་ཧི་ཙསྨ་ཧ་བཻ། ལ་སོགས་པ་རྣམས་སོ། །ཚིག་རྐང་ཁ་སྐོང་འདི་འདྲ་བོད་སྐད་ཡིན་ན། ལྟ་ཞིག་དང་། དེས་ཀོ་ཞེས་པའི་ཀོ་ཡིག་ལ་སོགས་པ་ལྟ་བུ་སྟེ། སྔ་མའི་མིང་གི་ཆ་ཤས་སུ་གྱུར་པ་ལས་གོ་རྒྱུ་ལྷག་པོ་མེད་ཀྱང་། ཚིག་ཁ་སྐོང་བར་འགྱུར་ལ། ཚིག་ལྷག་པོ་དོན་མེད་དུ་ཡང་མི་འགྱུར་ཞིང་ལེགས་པ་ཡིན་ནོ། །རྒྱུ་མཚན་གྱི་དོན་ལ། ཡཏ། གང་། ཏཏ། དེ། ཡ་ཏཿ གང་ཕྱིར། ཏ་ཏཿ མིང་ཕྱི་མ་གཉིས་ས་མཐའོ། །དེ་ཕྱིར། ཞེས་སོ།།
ཐམས་ཅད་མིན་པའི་དོན་ལ། ཙིཏ། འགའ་ཞིག ཙ་ན། ཁ་ཅིག དུས་རེས་འགའ་བ་བརྗོད་པར། ཀ་དཱ་ཙིཏ། ནམ་ཞིག ཛཱ་ཏུ། ནམ་གྱི་ཚེ། ལྷན་ཅིག་པའི་མིང་། སཱརྡྡྷ། ཐབས་གཅིག སཱ་ཀཾ ལྷན་དུ། ས་ཏྲཾ། ལྷན་ཅིག ས་མཾ། མཉམ་པོར། ས་ཧ། བཅས་པའམ་མཚུངས་ལྡན། ས་ཛུཥ། དང་། སཛཱུཿ འགྲོགས་པ་ཞེས་པའང་ངོ་། །ཨ་མཱ། ལྷན་ཅིག་དང་ཉེ་བ། མིང་གི་སྔོན་དུ་ས་ཡིག་སྦྱར་བ་བཅས་པའི་དོན་ནོ། །ཨ་ནུ་ཀཱུ་ལ་སྟེ་མཐུན་ཕྱོགས་ཀྱི་དོན་ལ། པྲཱ་དྷྭཾ། མཆོག་ལམ། འདི་རབ་ཏུ་དུད་པ་ལའང་ངོ་། །དོན་འབྲས་བྲལ་བ། བྲ་ཐཱ། དོན་མེད། མུ་དྷཱ། འབྲས་མེད་བཅས་སོ། །དུས་རིང་པོ་ལ། ཙི་རཱ་ཡ། རྒྱུན་རིང་། ཙིར་རཱ་ཏྲཱ་ཡ། ཡུན་རིང་། ཙི་ར་སྱ། རིང་པོ་སྟེ། ཙི་རཾ། ཙི་རེ་ཎ། ཙི་རཱ་ཏ། ཙི་རེ་རྣམས་ཀྱང་ངོ་། །ཡང་ཡང་གི་མིང་། མུ་ཧུཿ ར་མཐའ་འམ་སའང་། ཡང་ཡང་པུ་ནཿ པུ་ནཿ ར་ཐ། ཡང་ཡང་། ཤ་ཤྭཏ྄། ཡང་ཡང་ངམ་རྟག་པར། ཨ་བྷཱིཀྵྞཾ། ཡང་ནས་ཡང་། ཨ་ས་ཀྲིཏ྄། ལན་གཅིག་མིན་པ། གཞན་ཡང་། བཱ་རཾ་བཱ་རཾ། དང་། བཱ་རཾ་བཱ་རེ་ཎ། དང་། པྲཏཱིཀྵ་ཎཾ། ཀྱང་ངོ་། །མྱུར་བའམ་སྐད་ཅིག་དེ་མ་ཐག་གི་མིང་། སྲཱཀ྄ མགྱོགས། ཛྷ་ཊི་ཏི། མྱུར། ཨཱ་ཤུ། མྱུར་བ། ཨཉྫ་སཱ། རྐྱེན། ཨ་ཧྣཱ་ཡ། ཡུད་ཙམ། ཨ་པ་དི། དེ་མ་ཐག དྲཱཀ྄ སྐད་ཅིག་ཙམ། མཾ་ཀྵུ། ལ་འུར་ཞེས་སོ། །ཤིན་ཏུ་བ་ཕུལ་གྱི་དོན་ལ། བ་ལ་བཏ། ཤིན་ཏུ། སུཥྚུ། རབ་ཏུ། ཀི་མུ་ཏ། ནན་ཏར། སུ། རབ། ཨ་ཏི། རབ་ཏུ། ཨ་ཏཱི་བ། ཕུལ་དུ། ཞེས་སོ།།
ཅུང་ཟད་ཀྱི་དོན་ལ། ཀིཉྩིཏ། ཅུང་ཟད། ཨཱི་ཥཏ། བག་ཙམ། མ་ནཱཀ྄ ཉུང་ཤས། ཕྱི་མ་འདི་ལན་གཅིག་གི་དོན་ལའང་འཇུག བོར་བའི་དོན་བརྗོད་པར། པྲ་ཐཀ྄ ཐ་དད་དམ་སོ་སོ། བི་ནཱ། བྲལ་བའམ་བོར་བ། ཨནྟ་རེ་ཎ། ཁྱད་པར་དུ་བཀར་ཏེ་མ་གཏོགས་པ། ར་ཏེ། སྤངས་པའམ་བོར་བ། ཧི་རུཀ྄ དེ་མིན། ནཱ་ནཱ། གཞན་དང་མ་གཏོགས་པ་དང་གཉིས་དང་དུ་མ་སོགས་ཀྱི་དོན་ནོ། །མཆོད་པའམ་བསྔགས་པའི་དོན་ལ། སུ། ཨ་ཏི། འཁྱོག་པོར་འགྲོ་བ་ལ། སཱ་ཙི། ཀྱོག་པོ། ཏི་རཿ འཁྱོགས་པོ། དབུས་སུ་ཉེ་བའི་དོན་ལ། ས་མ་ཡཱ། དཔུང་ངམ་ཉེ་བ། ནི་ཀ་ཥཱ། དཀྱིལ་ལམ་ཉེ་འཁོར། ཧི་རུཀ྄ ཉེ་ཕྱོགས་སམ་དབུས། འདི་ཉེ་བ་ལ་མི་འཇུག་པར་འདོད་པའང་ཡོད། བར་རམ་དབུས་ཀྱི་དོན་ལ། ཨནྟ་རེ། ནང་། ཨནྟ་རཱ། བར། ཨནྟ་རེ་ཎ། དབུས་ཞེས་སོ། །སྔོན་ནམ་མདུན་གྱི་དོན་ལ། པུ་རཿ སྔོན་དུ། པུ་ར་ཏཿ མདུན་དུ། ཨ་གྲ་ཏཿ མདུན། དེ་གསུམ་མཐའ་ཅན་ནོ། །ལྷ་ལ་བསྲེགས་རྫས་སྦྱིན་པའི་དོན་ལ། སྭཱ་ཧཱ། དང་། ཤྲཽ་ཥཊ། བོ་ཥཊ། བ་ཥཏ། སྭ་དྷཱ། ཕྱི་མ་འདི་ཕན་ཚུན་གྱི་སྦྱིན་པ་ལའང་འཇུག བྲཱུ་ཧི། ཞེས་པའི་སྒྲའང་དོན་སྔ་མ་དེར་འཇུག་གོ །སྲིད་པ་བར་མ་ལ། པྲེ་ཏྱ། ཡི་དྭགས། ཨ་མུ་ཏྲ། བར་དོ་ཞེས་སོ། །མ་བརྟགས་པའི་དོན་ལ། ས་ཧ་སཱ། མ་དཔྱད་པ། ཨ་ཀསྨཱ་ར྄། མ་བརྟག་པ། ཀུན་ཏུ་དགའ་བའམ་ཤིས་པའམ་སྐྱིད་པའམ་བདེ་བའམ་དགྱེས་པ་སོགས་ཀྱི་དོན་ལ། དིཥཊྱཱ། དགྱེས། ཤཾ བདེ། ཨུ་པ་ཛོ་ཥཾ། མཉེས། མུ་དྷཱ། དགའ། ཤུ་བྷཾ། དང་། ཛོ་ཥཾ། ཞེས། མ་མཐའ་ཅན་དག་ཀྱང་འདི་ལའོ།།
ནུས་སྟོབས་ཀྱིས་བྱེད་པའི་དོན་ལ། པྲ་ས་ཧྱ། སྟོབས་བྱེད་དེ་ནུས་སྟོབས་ཀྱིས་བྱེད་པའི་དོན་ནོ། །འོས་པའམ་རིགས་པ་ལ། སཱཾ་པྲ་ཏཾ། སཱཾ་པྲ་ཏཾ། འོས་པ། སྠཱ་ནེ། རིགས་པ། རྒྱུ་མཚན་དང་འདྲ་བའི་དོན་ལའང་སྠཱ་ནེ་འཇུག་གོ །རྟག་པའི་དོན་ལ། ཨ་བྷཱི་ཀྵྞཾ། བརྟན་པ། ཤ་ཤྭཏ྄། རྟག་པ། ཆུང་ངུའི་དང་དམའ་བོའི་དོན་ལ། ནཱི་ཙཻཿ མཐོ་བ་དང་ཆེན་པོའི་དོན་ལ། ཨུ་ཙྩཻཿ ཕལ་ཆེན་ནམ་མང་པོའི་དོན་ལ། པྲཱ་ཡཿ མི་འགྱུར་བའམ་དལ་བའི་དོན་ལ། ཤ་ནཻཿ དེ་བཞི་ཀ་ས་མཐའ་ཅན་ནོ། །རྟག་ཏུའི་དོན་ལ། ས་དཱ། འདོད་འཇོ་ལས། ས་མཱའང་རྟག་ཏུའི་དོན་ལ་བཤད་དོ། །ཕྱི་རོལ་གྱི་དོན་ལ། བ་ཧིཿ ས་མཐའ། མི་སྨྲ་བ་ལ། ཏཱུཥྞ່ཱ། དང་། ཏཱུཥྞཱི་ཀཾ འདི་དག་མ་མཐའ་ཅན་ནོ། །འདོད་པ་དང་། མི་འདོད་པ་དང་། ཁས་ལེན་པའི་དོན་ལ། ཀཱ་མཾ། མ་མཐའོ། །འདི་སྟིང་ཚིག་བཅས་ཡིན་དུ་ཆུག་ལྟ་བུའི་ཁས་ལེན་པ་ལ་འཇུག་ཅེས་དྲག་པོས་བཤད། སྐྱོན་འདོགས་སམ་སྟིང་ཚིག་སྔོན་འགྲོའི་ཁས་ལེན་པ་ལ། ཨསྟུ། ནཱ་མའང་དེ་དང་འདྲ་བར་བཤད། མི་མཐུན་པའམ་འགལ་བར་སྨྲ་བ་ལ། ན་ནུ་ཙ། འདོད་པ་རབ་ཏུ་རིག་པར་བྱེད་པའི་དོན་ལ། ཀཙྪི་ཏ། སྨད་པར་བྱ་བར། ནིཿ ཥ་མཾ། དབྱུང་མཉམ། དུཿ ཥ་མཾ། ངན་མཚུངས། རང་ཇི་ལྟ་བ་ཞེས་པའི་དོན་ལ། ཡ་ཐཱ་སྭཾ། ཡ་ཐཱ་ཡ་ཐཾ། བདག་གིས་ཞེས་པའི་དོན་ལ། སྭ་ཡཾ། རང་གིས། དེ་ཐམས་ཅད་མ་མཐའོ། །མཱཾ་དང་། མ་ནས྄། ང་རྒྱལ། སྔར་རམ་འདས་པའི་དོན་ལ། པྲཱཀ྄ འདས་པའི་དོན་ལ། སྨ། དེ་མ་ཐག་པའི་དོན་ལ། སདྱཿ འཕྲལ་དུ། ས་པ་དི། དེ་མ་ཐག མི་དམིགས་པའམ་མི་མཐོང་བའི་དོན་ལ། ཨསྟཾ། མ་མཐའ། ཡོད་པའི་དོན་ལ། ཨསྟི། མེད་པའི་དོན་ལ། ནཱསྟི། ངེས་པའི་དོན་ལ། ནཱུ་ནཾ། ངེས་པ། ཨ་བ་ཤྱཾ། གདོན་མི་ཟ་བ། ཁྲོས་ཚིག་གི་དོན་ལ། ཨུཾ་དང་། ཨུཾ། འདྲི་བ་ལ། ཨུཾ། འདི་ཁས་ལེན་པ་ལ་འཇུག འདྲི་བ་དང་མཉེས་གཤིན་པའི་ཚིག་ལ། ཨ་ཡི། རྣམ་རྟོག་གི་དོན་ལ། ཧུཾ། མ་མཐའོ། །ཡང་བསྐྱར་གྱི་དོན་ལ། ཨངྒ། སྨོད་པ་ལ། དུཥྛུ། ལེགས་པའམ་བསྔགས་པར། སུཥྛུ། ཉེ་བའམ་དྲུང་ལ། ནི་ཀ་ཥཱ། འདུད་པ་ལ། ན་མཿ ས་མཐའོ།།
མུ་འགོད།