རེ་ཐག་ཆད་པའི་སེམས་པ།

བཀྲ་ཤིས་རྡོ་རྗེ། ལོ་རིམ་གསུམ་པ།

སེམས་པ་དེ་ཕྱི་བཤོལ་མཁས་པའི།།
ཡོད་ཚད་པོ་སང་ཉིན་བཅོལ་ནས།།
དེ་རིང་འདི་དེ་ལྟར་བཞུད་བཅུག།

སང་ཉིན་ནི་འཁྱོལ་ཐབས་མེད་པ།།
སེམས་པ་ཁོའི་གཡོ་སྒྱུ་ཡིན་འདྲ།།
སླུ་སྟངས་དེ་ཅི་འདྲའི་མཁས་པ།།

མགོ་སྐོར་གྱི་ཞགས་པའི་འོག་ནས།།
སྡུག་བསྔལ་དེ་གཟུགས་སུ་བཀོད་ན།།
སྟོང་གསུམ་འདི་ཆུང་ལ་ཁད་འདུག།

མཛེས་མཛེས་ཀྱི་ལང་ཚོའི་མེ་ཏོག།
སྒྱིད་ལུག་གི་སད་སེར་ལྡང་བས།།
རེ་སྒུག་གི་འབྲས་བུ་མེད་སོང་།།

འདོད་པ་དེ་རི་བོའི་བོངས་འདྲ།།
འབད་འབུངས་དེ་ཆུ་མོའི་ཟིལ་པ།།
རྨི་ལམ་ལ་དྲོད་གཤེར་མི་འདུག།

ཁ་བཤད་དེ་རི་སུལ་རླུང་རེད།།
ལག་ལེན་དེ་ཆར་རྗེས་འཇའ་རེད།།
ཕུགས་བསམ་ལ་འོད་མདངས་མི་འདུག།


དྲན་རྟོག་ཁོ་རྟ་རྒོད་བང་འདྲ།།
དམིགས་འབེན་གྱི་གནས་ལ་མི་འདུར།།
རྣམ་གཡེང་གི་གཡང་ལ་འཆོར་འགྲོ།།

རེ་བ་དེ་མཐོན་པོའི་རི་འདྲ།།
གོམ་ཁ་དེ་རུས་སྦལ་ནུར་འདྲ།།
སྟོང་བསམ་ལ་ལྗིད་ཚད་མི་འདུག།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།