ཚེ་དབང་རྣམ་རྒྱལ། ལོ་རིམ་དགུ་པ།
སེམས་དཀར་གུ་ཡངས་ཀྱི་རྣལ་འབྱོར་རང་ག་བ།
རྡོ་ཆེན་སྟེང་དུ་སྒོམ་ལ་བརྩོན་པར་བྱེད་དུས།
ཁོང་གི་སེམས་ནི་ནམ་མཁའི་དབྱིངས་སུ་འཁྱམས།
རི་བྲག་ཏུ་སྡོད་པའི་བྱ་ལ་གཟིགས་སྐབས།
གནམ་འཐིབས་པའི་གསེང་ནས།
“ཅིའུ་ཅིའུ།”
བྱིའུ་ཆུང་གི་མགྲིན་པས་གླུ་དབྱངས་ལེན།
བྱིའུ་ཡི་གཞས་གདངས་དེས།
ཁོང་གི་རྒྱ་མཚོ་དང་འདྲ་བའི་སེམས་པ་བྲོ་གར་ལ་རོལ་དུ་བཅུག
ཡིན་ན་ཡང་།
དབྱངས་ཚིག་མེ་ལྕེའི་ཚ་རླབས་ཀྱིས།
རྣལ་འབྱོར་བའི་རྒྱ་མཚོའི་སྙིང་ལ་ཟུག་རྔུ་ཞིག་སྟེར།
སྙན་འཇེབས་གླུ་ཚིག་གི་གོ་བར་བསམས་ནས།
ཚིག་ཐོར་བུ་རེ་རེ་ཚོར་བ་རླངས་པའི་ངོ་བོར་གྱུར།
འཁྱགས་འབུར་དང་འདྲ་བའི་དབྱངས་ཀྱི་གདངས་དེས།
སེམས་ཀྱི་ཟུག་རྔུའི་ཚོར་བ་འདི་སྤྲིན་པའི་ངོ་བོར་གྱུར།
རྒྱུན་ཆད་མེད་པའི་མིག་ཆུ་ཆར་པ་བཞིན།
འདི་ཡང་འགྲམ་ངོགས་སྙི་མོ་ནས་བཞུར།
བསྒྱུར་གཞི།
རང་ཉིད་ཀྱི་རྩོམ An Agonized Soul ཞེས་པ་ལས་བསྒྱུར།